རྒྱ་རིགས་ཚོས་རྒྱ་ཡིག་རང་གི་ཐོག་ནས་གཞུང་ཆེན་ཁག་སློབ་གཉེར་བྱེད་གལ་ཆེ།་༧གོང་ས་མཆོག་གིས།


2018.10.04
༧གོང་ས་མཆོག་གི་གསུངས་ཆོས་སྐབས་ཆོས་ཞུ་བ། ༢༠༡༨།༡༠།༤ ༧གོང་ས་མཆོག་གི་གསུངས་ཆོས་སྐབས་ཆོས་ཞུ་བ། ༢༠༡༨།༡༠།༤
OHHDL

རྒྱ་རིགས་ཚོས་རྒྱ་ཡིག་རང་གི་ཐོག་ནས་གཞུང་ཆེན་ཁག་སློབ་གཉེར་དགོས་གལ་ཆེན་པོ་རེད་ཅེས་༧གོང་ས་མཆོག་ནས་རྒྱ་རིགས་ཚོར་ནང་ཆོས་སློབ་གཉེར་གྱི་བསླབ་བྱ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གཙོ་བོར་གྱུར་བའི་དད་ལྡན་པ་སྟོང་ཕྲག་བདུན་ཙམ་ལ་དབུ་མ་མཇུག་པའི་སྒོ་ནས་བཀའ་ཆོས་ཉིན་གཉིས་པ་སྟེ། ཕྱི་ཟླ་༡༠པའི་ཚེས་༤ཉིན། རྒྱ་རིགས་ཚོས་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱ་སྟངས་ཐད་དགོངས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་རིགས་ཚོས་རྒྱ་ཡིག་རང་གི་ཐོག་ནས། ནང་པའི་གཞུང་ཆེན་ཁག་བསླབ་དགོས་གལ་ཆེན་པོ་རེད་ཅེས་ལམ་སྟོན་ཕེབས་ཤིང་།  བཀའ་ལན་གསུང་ཞོར་དུ་དེ་སྔོན་ཕྱི་ལོ་ ༡༩༥༤ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཕེབས་སྐབས་རྒྱ་སྐད་དང་རྒྱ་ཡིག་གསན་སྦྱོང་གནང་སྟེ་རྒྱ་ཡིག་ཚིག་སྟོང་གཅིག་ཙམ་མཁྱེན་གྱི་ཡོད་པ་དང་འོན་ཀྱང་གཞུང་ཆེན་མོ་དེ་རིགས་མཁྱེན་རྟོགས་མེད་པ་བཀའ་གནང་པ་དང་སྦྲགས།  དེང་སང་རྒྱ་ནག་གི་སློབ་གྲྭ་ཆེན་མོ་དེ་འདྲའི་དགེ་རྒན་དེ་འདྲས་དོ་སྣང་བྱེད་ཀྱི་འདུག་པས། དཔེར་ན་རྩ་བ་ཤེས་རབ་ལྟ་བུ་དང་། ཕལ་ཆེར་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་རྒྱ་ཡིག་ནང་ཡོད་པ་དེ་རིགས་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཡང་རྒྱ་ཡིག་ནང་ཚིག་ཁ་ཤས་གོ་མ་བདེ་བར་ཡོད་ན་བོད་ཡིག་ལ་བསྡུར་ཏེ་སློབ་སྦྱོང་བྱས་ན། རིམ་པས་དག་བཅོས་བྱེད་དགོས་པ་རིགས་བྱེད་ཆོག་རྒྱུ་ཡིན་པ་བཀའ་གནང་ཞིང་། དཔེར་ན་ མཁན་ཆེན་ཞི་བ་འཚོས་བོད་ཀྱི་ཆོས་རྒྱལ་ལ་ཁྱེད་ཚོར་ཡི་གེ་ཡོད་སྟབས། ནང་ཆོས་སློབ་སྦྱོང་བྱེད་པར་ལེགས་སྦྱར་བསླབ་མི་དགོས་པར། ལེགས་སྦྱར་གྱི་གཞུང་ནང་ཡོད་པ་ཁག་བོད་སྐད་ནང་ཚུར་བསྒྱུར་ཏེ། དེའི་ཐོག་ནས་ཁྱེད་ཚོས་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གནང་པ་བཞིན། རྒྱ་རིགས་ཚོས་བོད་ཡིག་བསླབ་དགོས་ཀྱི་སྐད་ཆ་མིན་པར། རྒྱ་ཡིག་ནང་ཡོད་བསྡད་པ་དེ་ཚོའི་ཐོག་ནས་སློབ་སྦྱོང་དང་། གོ་མ་བདེ་བ་དེ་འདྲ་ཡོད་ན་དཔྱད་བསྡུར་གྱིས་གང་ལྟར་རྒྱ་རིགས་ཚོས་རྒྱ་ཡིག་རང་གི་ཐོག་ནས་གཞུང་ཆེན་དེ་གྲས་བསླབ་ཐུབ་རྒྱུ་ཧ་ཅང་གལ་ཆེན་དང་། རྒྱ་ཡིག་ནང་མེད་པའི་དཔེ་ཆ་གལ་ཆེན་ཁག་བསྒྱུར་དགོས་པ་རེད་ཅེས་ལམ་སྟོན་ཕེབས་སོང་།
ཡང་༧གོང་ས་མཆོག་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ནང་པ་ཚོས་ཚོགས་ཆུང་ཞིག་བཙུགས་ཏེ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགོན་པ་ཁག་སློབ་གཉེར་གྱི་ལྟེ་གནས་བཟོ་རྒྱུའི་འཆར་གཞི་བཀོད་པ་བཞིན། རྒྱ་རིགས་ཚོས་ཀྱང་ནང་ཆོས་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་ཡིན་པ་བཀའ་སྩལ་སོང་།  ༧གོང་ས་མཆོག་གིས་ད་ལན་དབུ་མ་འཇུག་པ་འགོ་ནས་མཇུག་བར་ཆ་ཚང་བཤད་ལུང་གནང་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཤད་ལུང་འདི་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་མདུན་ནས་ཐོབ་པ་དང་། གླིང་རིན་པོ་ཆེས་སྐུ་འབུམ་མི་ཉག་རིན་པོ་ལས་གསན་པ་སོགས་ཆོས་འབྲེལ་དངོས་ཐོབ་དང་བརྒྱུད་པའི་བླ་མ་རྣམ་པའི་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎