༧གོང་ས་མཆོག་གིས་རྒྱ་གར་གྱི་ནང་པ་ཚོར་གསུང་ཆོས་གནང་བ།


2016.06.07
༧གོང་ས་མཆོག་གིས་རྒྱ་གར་གྱི་ནང་བ་ཚོར་གསུང་ཆོས་གནང་སྐབས། ༢༠༡༦།༦།༧ ༧གོང་ས་མཆོག་གིས་རྒྱ་གར་གྱི་ནང་བ་ཚོར་གསུང་ཆོས་གནང་སྐབས། ༢༠༡༦།༦།༧
བསྟན་འཛིན་དོན་ཡོད།

རྒྱ་གར་ནང་ཆོས་དད་པ་ཚོས་རྨོངས་དད་ཙམ་མིན་པར་རྒྱུ་མཚན་གྱི་ཐོག་ནས་དོན་གཉེར་བྱེད་བཞིན་པར་དམིགས་བསལ་དགའ་བསུ་ཡོད་པ་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། དེ་རིང་ཕྱི་ཟླ་༦་ཚེས་༧་ནས་དབུ་བཙུགས་ཀྱིས་ཉིན་གྲངས་གསུམ་རིང་། རྒྱ་གར་གྱི་ནང་པའི་ཚོགས་པ་ན་ལེནྜ་ཤིཀྴའམ་ན་ལེནྜེའི་སློབ་ཅེས་པ་དེས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་ལེའུ་བཞི་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་རྒྱུ་ཡིན་པ་རེད། ཆོས་ཞུ་བའི་ཁོངས་སུ་རྒྱ་གར་ནང་པའི་ཆོས་ཚོགས་དེའི་ཚོགས་མི་ཆིག་སྟོང་ཉིས་བརྒྱ་ཙམ་ཆེད་བཅར་ཞུས་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ནི་ཆོས་ལུགས་འདྲ་མིན་མཐུན་སྒྲིལ་དང་ཞི་བདེའི་ནང་གནས་པའི་ཡུལ་གྲུ་ཞིག་ཡིན་ལ། ལྟ་གྲུབ་ཀྱི་ཕྱུག་པའི་གནས་ཤིག་ཀྱང་ཡིན་པ་རེད་ཅེས་དང་། རྒྱ་གར་གྱི་ཆོས་ལུགས་མཐུན་ལམ་དང་ཡ་རབས་སྤྱོད་བཟང་གི་རིན་ཐང་ཁག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ངོས་ནས་དཔེ་བླངས་འོས་པ་ཞིག་ཡོད་པ་བཀའ་གནང་འདུག།
ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནི་ནང་པ་དང་། གཅེར་བུ་བ། ཧིན་རྡུ་ཆོས་ལུགས་སོགས་ཀྱི་འབྱུང་ཡུལ་ཡིན་པ་བཀའ་གནང་ཞིང་། ཆོས་ལུགས་རང་སོ་སོར་ཐོུང་མ་ཡིན་པའི་ཁྱད་ཆོས་ཡོད་པ་བཀའ་གནང་པ་སྦྲགས། ནང་ཆོས་ཀྱི་ཁྱད་ཆོས་ནི་ཐོག་མར་སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ལས་རྒྱུ་འབྲས་སྐོར་གཙོ་བོ་གསུངས་པ་དེ་དང་། བདག་མེད་པའི་ལྟ་གྲུབ་ཞལ་གྱིས་བཞེས་པ་དེ་གཉིས་ཡིན་པའི་སྐོར་བཀའ་གནང་འདུག།  དེང་སྐབས་རྒྱ་གར་ནང་ནང་ཆོས་ལ་དོན་གཉེར་བྱ་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་རྨོངས་དད་ཙམ་མིན་པར་རྒྱུ་མཚན་གྱི་ཐོག་ནས་དོན་གཉེར་བྱེད་བཞིན་པར་དམིགས་བསལ་དགའ་བསུ་ཡོད་ཅེས་བཀའ་གནང་འདུག།     

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎