༧གོང་ས་མཆོག་གི་ཨེ་ཤེ་ཡའི་དད་ལྡན་པ་ཚོར་གསུངས་ཆོས་གནང་རྒྱུ།
2015.09.04
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཨེ་ཤེ་ཡའི་ཡུལ་ཁག་གི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་ཚོར་གསུངས་ཆོས་གནང་རྒྱུ་ཡིན་པ་རེད།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་གསར་འགོད་འབྲེལ་མཐུད་པས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་དོན་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨེ་ཤེ་ཡའི་ཡུལ་ཁག་གི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཉིན་གྲངས་བཞིའི་རིང་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་དང་། དེ་ནི་ཨེ་ཤེ་ཡའི་ཡུལ་གྲུ་Indonesiaདང་། Korea, Malaysia, Singapore, ཐེ་ལན་ཊི། Vietnamབཅས་ལས་གྲུབ་པའི་དད་ལྡན་ཆོས་ཞུ་བའི་ཚོགས་སྡེ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་འདིའི་ཚེས་༧ནས་༡༠བར། ཉིན་གྲངས་བཞིའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་དང་། སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པའི་སྒོམ་རིམ་བར་མ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་པ་བཅས་བཀའ་འཁྲིད་གནང་གཏན་འཁེལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།