༧གོང་ས་མཆོག་གིས་གཙོ་བོ་ཐེ་ཝན་ནས་ཕེབས་པའི་རྒྱ་རིགས་ཚོར་དགེ་ཚུལ་སློང་གི་སྡོམ་པ་སྩལ་འདུག


2018.10.01
༧གོང་ས་མཆོག་གིས་ཐེ་ཝན་གྱི་དད་ལྡན་པ་བརྒྱ་ཕྲག་བརྒལ་བར་དགེ་ཚུལ་ཕ་མ་དང་དགེ་སློང་གི་སྡོམ་པ་བསྩལ་གནང་མཛད་སྐབས། ༢༠༡༨།༡༠།༡ ༧གོང་ས་མཆོག་གིས་ཐེ་ཝན་གྱི་དད་ལྡན་པ་བརྒྱ་ཕྲག་བརྒལ་བར་དགེ་ཚུལ་ཕ་མ་དང་དགེ་སློང་གི་སྡོམ་པ་བསྩལ་གནང་མཛད་སྐབས། ༢༠༡༨།༡༠།༡
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་པ་བརྒྱ་ཕྲག་བརྒལ་བར་དགེ་ཚུལ་ཕ་མ་དང་དགེ་སློང་གི་སྡོམ་པ་བསྩལ་གནང་མཛད་འདུག
ཕྱི་ཟླ་ ༩ ཚེས་ ༣༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐེ་ཝན་ནས་ཆེད་བཅར་དད་ལྡན་པ་ ༧༢ ཙམ་ལ་དགེ་ཚུལ་ཕ་མའི་སྡོམ་པ་བསྩལ་གནང་མཛད་ཅིང་།  ཡང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གཙོ་བོ་ཐེ་ཝན་ནས་བཅར་བའི་དགེ་འདུན་པ་ ༦༠ ཙམ་ལ་དགེ་སློང་གི་སྡོམ་པ་བསྩལ་གནང་མཛད་ཡོད་པ་རེད།   
ཕྱི་ཟླ་ ༡༠ ཚེས་ ༣ གཟའ་ལྷག་པ་ནས་བཟུང་ཚེས་ ༦ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་རྡ་རམ་ས་ལར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་མཇུག་པའི་བཀའ་ཁྲིད་སྔ་ལོའི་འཕྲོས་ནས་མཇུག་སྐྱོང་གནང་རྒྱུ་ཡིན་འདུག་ཅིང་།  འདི་ནི་ཐེ་ཝན་ནས་བཅར་བའི་དད་ལྡན་པ་གཙོ་བོར་གྱུར་བ་རྣམས་ཀྱི་ཆོས་སྐལ་ཡིན་པ་དང་།  ཐེ་ཝན་ནས་ཆོས་ཞུ་བ་བརྒྱ་ཕྲག་འགའ་ཤས་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་འདུག་ལ།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཁག་ཉིན་ལྟར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་www.dalailama.com གྱི་ཐོག་བོད་སྐད་དང་རྒྱ་སྐད། དབྱིན་སྐད་དང་སཔེན། ཉི་ཧོང་། ཀོ་རི་ཡ། ཝིཡེཏ་ནམ་སྐད་སོགས་ཀྱི་ནང་ཐད་སྲིངས་ཞུ་རྒྱུ་ཡིན་འདུག
སྔོན་འཆར་ལྟར་ན། ཚེས་བཅུ་གཉིས་ནས་བཅུ་བཞི་བར་ཉིན་གྲངས་གསུམ་རིང་མ་ན་ལིར་མངའ་རིས་དགོན་པའི་གསོལ་འདེབས་ཞུས་དོན་ལྟར། བྱང་ཆུབ་སེམས་འགྲེལ་དང་། ལམ་ལེན་སོ་བདུན་མ། བློ་སྦྱོང་ཚིག་བརྒྱད་མ་བཅས་པའི་བཀའ་ཁྲིད། དེ་བཞིན་ཚེ་དབང་བཅས་སྩལ་གནང་རྒྱུ་ཡིན་ནའང་། ཉིན་ཤས་གོང་ཁུལ་དེར་ཆར་ཞོད་དང་ཆུ་ལོག་གི་དོན་རྐྱེན་བྱུང་སྟེ་འགྲུལ་ལམ་འགག་པ་སོགས་ཀྱི་འབྱུང་བའི་དཀའ་ངལ་འཕྲད་པར་བརྟེན་ཆིབས་བསྒྱུར་ལོ་རྗེས་མ་བར་ཕྱིར་འགྱངས་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༡ ཉིན་གྲངས་བཞིའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་དང་། དེ་བཞིན་སོག་པོ་སོགས་ཁྱོན་མི་གྲངས་༣༨༨ལ་དགེ་ཚུལ་ཕ་མ་དང་དགེ་སློང་།  ཚངས་སྤྱོད་དགེ་བསྙེན་བཅས་ཀྱི་སྡོམ་པ་སྩལ་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎