༧གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་ཕོ་མོ་ཚོར་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་པ།


2019.03.06
༧གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་ཕོ་མོ་ཚོར་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་སྐབས། ༢༠༡༩།༣།༦ ༧གོང་ས་མཆོག་གིས་ཕྱི་ནང་གི་དད་ལྡན་ཕོ་མོ་ཚོར་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་སྐབས། ༢༠༡༩།༣།༦
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཕྱི་ནང་གི་ཕོ་མོ་༧༥ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་ཡོད་པ་རེད།
དེ་ཡང་རྒྱ་གར་རྡ་རམ་ས་ལར་སྤྱི་ཟླ་༣པའི་ཚེས་༦ཉིན། ༧གོང་ས་མཆོག་ནས་བཞུགས་སྒར་ཕོ་བྲང་དུ་བོད་དང་ཧི་མ་ལ་ཡའི་རི་རྒྱུད། སོག་པོ་དང་ཨུ་རུ་སུ། ཀོ་རི་ཡ་བཅས་ནས་ཡིན་པ་ཕོ་མོ་༧༥ལ་དགེ་ཚུལ་གྱི་སྡོམ་པ་གནང་ཡོད་པ་དང་། རིམ་པས་ཕྱི་ནང་གི་མི་རིགས་འདྲ་མིན་དད་ལྡན་པ་བཞི་བརྒྱ་ཙམ་ལ་དགེ་སློང་གི་སྡོམ་པ་འབོག་འཇོག་ཡང་གནང་གཏན་འཁེལ་ཡོད་པས། དགེ་ཚུལ་སློང་གི་སྡོམ་པ་གནང་ས་མང་ཆེ་བ་སོག་པོ་དང་། ཧི་མ་ལ་ཡའི་མི་རིགས་ཡིན་པ་དེའི་ནང་བོད་མི་རིགས་ཡིན་པ་བརྒྱ་ཆ་༤༠ཙམ་ཡིན་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཡངས་སྟེང་རིན་པོ་ཆེ་ནས་འགྲེལ་བརྗོད་གནང་དོན། སྤྱིར་སྟངས་བོད་ཟླ་དང་པོ་གཡས་གཡོན་གྱི་མཚམས་ལ་དགེ་ཚུལ་སློང་གི་སྡོམ་པ་གནང་རྒྱུ་ལོ་འཆར་ཅན་ཡོད་པ་དང་། བོད་ནང་དཔྱིད་ཆོས་ཀྱི་སྨོན་ལམ་མཚམས་སུ་རྒྱུད་གྲྭ་སྟོད་སྨད་ཚོར་དགེ་སློང་གི་སྡོམ་པ་གནང་རྒྱུ་ནི་ཕྱག་སྲོལ་གྱི་བཟོ་འདྲ་ཆགས་ཡོད་པ་གཙོ་བོ་དང་། དེའི་ཁར་བོད་ནས་གསར་འབྱོར་དང་བོད་ནང་ཕྱིར་ལོག་ཕེབས་པ་ཚོ། ས་མཚམས་ཁག་གི་རྒྱ་གར་དང་འབྲུག བོད་ཀྱི་ས་མཚམས་ལུང་པ་ཁུག་དཀྱོག་ཁག་ཏུ་དགེ་འདུན་པ་རེ་ཟུང་ཡོད་པ་ཚོར། དམིགས་བསལ་བཏང་གི་ཡོད་པ་བཅས་རྩ་བའི་དེའི་ནང་མི་མང་པོ་བཅུག་གི་མེད་ནའང་། ད་རེས་མི་མང་པོ་ཅིག་བསླེབས་པ་༧གོང་ས་མཆོག་ལ་སྙན་སྒྲོན་ཞུས་སྐབས། ༧གོང་ས་མཆོག་ནས་ངལ་གསོ་གི་གསོ་གི་ཚང་མ་བསྒྲུབ་ཐབས་གནང་རྒྱུ་ཡིན་པར་གསུང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
སེ་ལ་ཀོབ་སློབ་གྲྭའི་སློབ་སྤྱི་གནང་བཞིན་པ་དང་། དགུང་ལོ་༥༦སོན་པ་འབྲུག་ཚེ་རིང་ལགས་ཀྱིས་དགེ་ཚུལ་བསྒྲུབས་དོན་སྐོར་ངོ་སྤྲོད་གནང་སྐབས། ཁོ་རང་གིས་ཆུང་དུས་ནས་བཟའ་ཚང་བསྒྲིགས་ཏེ་བསྡད་སྐབས་རྐང་པ་ནད་པ་ཆགས་ནས། ཟང་ངེ་ཟིང་ངེ་སེམས་པ་འཁྲུག་ནས་ཆང་རག་འཐུང་རྒྱུའི་གོམས་གཤིས་ཆགས་པ་དང་། ལོ་མང་རྗེས་དགེ་འདུན་པ་ཚོར་ཚན་རིག་གི་སྐད་བསྒྱུར་གྱི་གོ་སྐབས་རག་པར། ཁོང་ཚོའི་མི་ཚེ་ལ་ཡིད་སྨོན་ཆེན་པོ་ཤོར་བ་དང་། དེ་ལྟར་རིམ་པས་བསམ་བློ་འགྱུར་ཏེ་ཐག་གཅོད་གནང་བ་ཡིན་པ་ངོ་སྤྲོད་གནང་གི་འདུག
ཡང་ནུབ་ཕྱོགས་པའི་བུད་མེད་བསྟན་འཛིན་ལྷ་འཛོམས་ལགས་ཀྱིས། ༧གོང་ས་མཆོག་གི་མདུན་ནས་དགེ་ཚུལ་བསྒྲུབས་རྒྱུ་བྱུང་བ་ནི། མོ་རང་གི་མི་ཚེའི་ནང་བདེ་སྐྱིད་ཆེ་ཤོས་ཀྱི་ཉི་མ་དེ་ཡིན་པ་ངོ་སྤྲོད་གནང་གི་འདུག
༧གོང་ས་མཆོག་གིས་སྤྱི་ཚེས་༦ནས་བཟུང་ཉི་མ་ཁ་ཤས་རིང་། ཕྱི་ནང་གི་མི་གྲངས་བཞི་བརྒྱ་ལྷག་ལ་དགེ་སློང་གི་སྡོམ་པ་རིམ་ཅན་དུ་འབོག་འཇོག་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎