ཐེ་ཝན་གྱི་རང་དབང་གི་ནུས་པ་ནི་ཐེ་ཝན་གྱི་མ་རྩ་ཆེ་ཤོས་རེད། ༧གོང་ས་མཆོག་གིས།


2019.07.24
ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཁག་ཅིག་༧གོང་ས་མཆོག་དང་མཇལ་བཅར་སྐབས། ༢༠༡༩།༧།༡༩ ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཁག་ཅིག་༧གོང་ས་མཆོག་དང་མཇལ་བཅར་སྐབས། ༢༠༡༩།༧།༡༩
OHHDL

ཐེ་ཝན་གྱི་དམངས་གཙོ་དེ་གལ་ཆེན་པོ་དང་ཐེ་ཝན་གྱི་རང་དབང་གི་ནུས་པ་ནི་ཐེ་ཝན་གྱི་མ་རྩ་ཆེ་ཤོས་རེད་ཅེས་༧གོང་ས་མཆོག་གིས་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཁག་ཅིག་ལ་བཀའ་གནང་འདུག
ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་ལོ་ཝིན་ཇཱ་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཝན་ལི་གཙོས་པའི་ཚོགས་པའི་འཐུས་མི་ཁག་ཅིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བར་བཞུགས་སྒར་དུ་ཆེད་བཅར་གྱིས། སྤྱི ་ཟླ་༧པའི་ཚེས་༡༩ཉིན་༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་ཁ་ཞུས་ཏེ། ཐེ་ཝན་གྱི་མང་གཙོའི་འཕེལ་རིམ་དང་། མ་འོངས་པར་བོད་དང་།  ཐེ་ཝན་གྱི་རང་དབང་འཐབ་རྩོད་ཐོག་བཀའ་བསྡུར་གནང་ཡོད་ཅིང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དམངས་གཙོ་དེ་གལ་ཆེན་པོ་དང་། ཐེ་ཝན་གྱི་རང་དབང་གི་ནུས་པ་ནི་ཐེ་ཝན་རང་གི་མ་རྩ་ཆེ་ཤོས་ཤིག་རེད་ཅེས་བཀའ་ཕེབས་ཡོད་པ་ཐེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་དྲུང་ཆེ་ལོ་ཝིན་ཇཱ་ནས་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་ཐེ་ཝན་གྱི་དམངས་གཙོའི་འཕེལ་རིམ་ནང་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་པ་ནི། ད་ལྟའི་ཆར་རྒྱ་ནག་དབང་ཆ་གཅིག་སྡུད་པས་ཉེན་ཁ་ཡོང་གི་ཡོད་པས། དམངས་གཙོ་ལོངས་སུ་སྤྱོད་བཞིན་པ་དེ་སྲུང་སྐྱོབ་འབད་བརྩོན་དང་ཆབས་ཅིག ཡུལ་ལུང་དང་རྒྱལ་ཁབ་གཞན་གྱི་ནང་དུའང་རང་དབང་མང་གཙོ་གོང་འཕེལ་གྱི་གཞོགས་འདེགས་རེ་བ་བརྒྱབ་ཀྱི་ཡོད་ཅེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་སྲོལ་ལག་བསྟར་རྒྱ་ཆེར་གནང་ཐུབ་པ་ནི། ཐེ་ཝན་གྱི་མི་མང་ཚོར་བློ་སྟོབས་སྐུལ་འདེད་འཕེལ་གཞིར་གྱུར་ཡོད་པ་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཚོས་མཐོང་གི་ཡོད་པ་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ་ཝན་ལི་ནས་འགྲེལ་བརྗོད་གནང་གི་འདུག
བོད་མིའི་མང་གཙོའི་ཉམས་མྱོང་གི་ཐོག་ནས་གནས་སྟངས་དཀའ་ངལ་ཇི་ཆེ་ལ་མ་ལྟོས་པར་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་ཡོན་ཏན་རྒྱུན་སྐྱོང་བརྟན་པོ་བྱེད་དགོས་པ་མཚོན་གྱི་ཡོད་པས། དེ་ནི་ཐེ་ཝན་ཙམ་མིན་པར་ཧོང་ཀོང་དང་ཡུ་གུར་མི་རིགས་བཅས་ལ་རྒྱ་ནག་གཞུང་གིས་ཉེན་ཁ་གཅིག་མཚུངས་སུ་བཟོ་བཞིན་པ་མང་པོ་ཅིག་ལ། མིག་ལྟོས་དང་བློ་སྟོབས་སྐྱེ་གཞིར་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎