མི་རིཊ་རིག་གཞུང་དང་བཅས་བ་རང་དབང་ལུང་བའི་ནང་འཛིན་ཐུབ་པ་བྱེད་རྒྱུ་དེ་འགན་ཡིན།
2018.09.21
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སུད་སི་རྭི་ཀོན་ཆོས་འཁོར་དགོན་པ་ཕྱག་བཏབ་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དགའ་སྟོན་མཛད་སྒོར་དབུ་བཞུགས་གནང་ཡོད་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དེང་སྐབས་ཡོ་རོབ་ནང་མཛད་འཕྲིན་སྐྱོང་བཞིན་པ་དང་། སྤྱི་ལོ་༢༠༡༨་ཟླ་༩་ཚེས་༢༠་ཉིན་ནེ་ཐེར་ལེནཌསྀ་དང་མཇར་མན་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་སུད་སིར་ཞབས་སོར་འཁོད་གནང་མཛད་པ་དང་། ཚེས་༢༡་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སུད་སི་རྭི་ཀོན་ཆོས་འཁོར་དགོན་པ་ཕྱག་བཏབ་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དགའ་སྟོན་མཛད་སྒོར་དབུ་བཞུགས་གནང་བ་དང་མཉམ་༧གོང་ས་མཆོག་གིས། སོ་སོའི་ལུང་བའི་ནང་སོ་སོའི་བོད་ཀྱི་ཆོས་དང་རིག་གཞུང་། མདོར་ན་མི་རིགས་དང་བཅས་བ་རྩ་གཏོར་ལ་འགྲོ་བའི་ཉེན་ཁའི་ཁྲོད་ང་ཚོ་བཙན་བྱོལ་ལ་སླེབས་པ་རེད། དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་བའི་ལས་འགན་གཙོ་བོ་བོད་མི་རིགས་རིག་གཞུང་དང་བཅས་བ་རང་དབང་ལུང་བའི་ནང་འཛིན་ཐུབ་པ་བྱེད་རྒྱུ་དེ་ཡིན་ཅེས་དང་། སུད་སི་རྭི་ཀོན་ཆོས་འཁོར་དགོན་པ་ཕྱག་བཏབ་པའི་དམིགས་ཡུལ་ལྟར་དགོན་པ་འདིར་དགེ་འདུན་པའི་སྡེ་གཅིག་པོ་མ་ཡིན་པར་ཤེས་ཡོན་གྱི་བསྟི་གནས་བཟོ་རྒྱུ་གལ་ཆེན་ཡིན་པ་སོགས་བཀའ་གནང་འདུག
མཛད་འཆར་ལྟར་ན་༧གོང་ས་མཆོག་ཁུལ་དེར་ཉིན་གྲངས་གསུམ་བཞུགས་བཞག་གིས་མཛད་འཆར་ཡོད་པ་དང་། ཚེས་ ༢༣ ཉིན། སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོང་ཆོས་འཁོར་དགོན་དང་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཛུ་རིག་ཧ་ལེན་སཊ་ཌིཨོན་(Zurich Hallenstadion) ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ། སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་རབ་སྒང་ཚེ་ཕུན།