༧གོང་ས་མཆོག་གིས་རྒྱ་གར་ཨ་སམ་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆགས་ཚབས་ཆེན་ཐེབས་པར་ཐུགས་གསོའི་གསུང་འཕྲིན།

2022.06.21
༧གོང་ས་མཆོག་གིས་རྒྱ་གར་ཨ་སམ་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆགས་ཚབས་ཆེན་ཐེབས་པར་ཐུགས་གསོའི་གསུང་འཕྲིན།
OHHDL

ཉེ་ལམ་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་ཆར་བ་ཤུགས་ཆེ་བབས་ཏེ་ཆུ་ལོག་གི་གནོད་འཚེ་ཐེབས་པའི་རྐྱེན་གྱིས། མི་འབོར་ས་ཡ་མང་པོ་ལ་ཁྱིམ་གཞིས་དང་འཚོ་རྟེན་མེད་པར་གྱུར་པ་སོགས་ལ་བརྟེན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་རྒྱ་གར་ཨ་སམ་མངའ་སྡེའི་བློན་ཆེན། སྐུ་ཞབས་Dr. Himanta B Sarmaམཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་ཡོད་པའི་ནང་། “ཨ་སམ་མངའ་སྡེའི་ནང་གློ་བུར་ཆར་ཤུགས་ཆེན་པོ་བབས་ཏེ་ཆུ་ལོག་གིས་མི་སྲོག་ཤོར་བ་དང་རྒྱུ་ནོར་ལ་གྱོང་གུད་ཕོག་པ། མི་འབོར་ས་ཡ་མང་པོ་གནས་སྤོས་གནང་དགོས་ཐུག་པ་སོགས་ལ་ཐུགས་ཁྲལ་བྱུང་བ་མ་ཟད། གནས་ཚུལ་དེ་ནི་ཧ་ཅང་གིས་སྟབས་མ་ལེགས་པ་ཞིག་དང་། ཆར་དུས་ཀྱི་ཆར་ལོག་གིས་ཨ་སམ་མངའ་སྡེ་དང་རྒྱ་གར་གྱི་མངའ་སྡེ་གཞན་ཁག་ཏུའང་ལོ་རེ་བཞིན་གོད་ཆག་ཚབས་ཆེན་བཟོ་བཞིན་པར་མཐོང་།
མངའ་སྡེའི་བློན་ཆེན་ཁྱེད་རང་གི་ས་ཁོངས་སུ་ཉེ་ཆར་གྱི་ཆུ་ལོག་ལ་བརྟེན་ནས་མི་མང་པོར་དཀའ་ངལ་བཟོས་པར། ངོས་རང་སེམས་ངལ་ཆེན་པོ་བྱུང་བས་ཁྱེད་རང་དང་གོད་ཆགས་ཐེབས་པའི་ནང་མི་ཚང་མར། ཚོར་བ་གཏིང་ཟབ་ཀྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་བཀའ་སྩལ་ཡོད་ཐོག་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཐབས་རྩོལ་ཡོད་ཚད་བསྟེན་ཏེ་གོད་ཆག་ཐེབས་མི་ཚོར་སྐྱོབས་གསོ་དང་ངལ་སེལ་མཁོ་སྤྲོད་གནང་བཞིན་པར་རྗེས་སུ་ཡི་རང་ཡོད་མུར། ངོས་ནས་ཨ་སམ་མངའ་སྡེའི་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་དང་ཆབས་ཅིག་ཏུ། ཁོང་ཚོ་ལ་རྒྱབ་སྐྱོར་མཚོན་པར་ཏཱ་ལའི་བླ་མའི་དགེ་རྩ་ནས་ཞལ་འདེབས་ཤིག་ཀྱང་འབུལ་རྒྱུ་ཡིན་ཞེས་” བཀའ་སྩལ་ཡོད་པ་རེད།
འདས་པའི་བདུན་ཕྲག་ནས་བཟུང་རྒྱ་གར་ཨ་སམ་མངའ་སྡེའི་རྫོང་ཁག་༣༢ནང་ཆར་བ་ཤུགས་ཆེ་བབས་ཏེ། མི་གྲངས་༤༥ལྷག་གི་སྲོག་ཤོར་ཡོད་པ་མ་ཟད། མི་ཁྱིམ་ས་ཡ་མང་པོ་ལ་གནོད་འཚེ་ཐེབས་ནས་མི་འབོར་ས་ཡ་༤ལྷག་གི་འཚོ་རྟེན་གྱི་ས་ཞིང་སོགས་རྩ་སྟོང་དུ་གྱུར་ཡོད་པའི་ཁར། ད་ལྟ་མངའ་སྡེ་དེའི་ནང་གང་སར་ཆུ་ལོག་གིས་ཁེངས་ཏེ་འཐུང་ཆུ་དང་ཟ་མ་མེད་པའི་དཀའ་ངལ་ཧ་ཅང་ཤུགས་ཆེ་འཕྲད་བཞིན་པར། རྒྱ་གར་སྲིད་བློན་མོ་ཏི་མཆོག་དང་ནང་སྲིད་བློན་ཆེན་གྱིས་རོགས་སྐྱོར་འབད་བརྩོན་ཤུགས་ཆེ་གནང་བཞིན་པ་སོགས། རྒྱལ་སྤྱི་དང་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཐོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎