གཞན་གཅེས་འཛིན་གྱི་བསམ་བློས་རང་གཞན་གཉིས་ཀར་ཕན།


2015.01.27
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་UP་མངའ་སྡེའི་ནང་ཡོད་པའི་སྒེར་གྱི་གཞི་རིམ་སློབ་གྲྭ་DAVལ་ཕེབས་སྐབས། ༢༠༡༥།༡།༢༧ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་UP་མངའ་སྡེའི་ནང་ཡོད་པའི་སྒེར་གྱི་གཞི་རིམ་སློབ་གྲྭ་DAVལ་ཕེབས་སྐབས། ༢༠༡༥།༡།༢༧
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་སྐོར་བླང་དོར་གྱི་བཀའ་སློབ་གནང་འདུག
དེ་ཡང་ཚེས་༢༧ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱང་ཐག་དེ་ཙམ་རིང་པོ་མེད་པ་UP་མངའ་སྡེའི་ནང་ཡོད་པའི་སྒེར་གྱི་གཞི་རིམ་སློབ་གྲྭ་DAVཟེར་བ་དེའི་དགེ་ལས་སློབ་ཕྲུག་ཚོར་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་སྐོར་བླང་དོར་གྱི་བཀའ་སློབ་གསུང་བཤད་སྩལ་གནང་སྐབས། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་བཞིན་ཞི་བདེ་དང་བྱམས་བརྩེ་ལྡན་པའི་དུས་རབས་ཞིག་བཟོ་རྒྱུའི་ལས་འགན་སློབ་ཕྲུག་ཚོར་ཡོད་པ་བཀའ་གནང་པ་དང་།  རྒྱ་གར་གྱི་མནའ་བོའི་རིག་གཞུང་གི་ཐོག་ནས་འཛམ་གླིང་ནང་ཕན་བདེའི་ཞབས་འདེགས་ཞུ་པའི་ནུས་པ་ཆེན་པོ་ཡོད་པ་ཞིག་ཡིན་སྟབས་ངེས་པར་དུ་གཞོན་སྐྱེས་ཚོས་རྒྱ་གར་གྱི་མནའ་བོའི་རིག་གཞུང་ལ་བདག་གཅེས་སྲུང་སྐྱོབ་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་དཀའ་རྙོག་མང་པོ་ཞིག་མིའི་འདོད་རྔམ་དང་། རང་གཅེས་འཛིན་གྱི་བསམ་བློ་ཤུགས་ཆེ་དྲག་པའི་རྐྱེན་གྱིས་བྱུང་བ་ཡིན་སྟབས། གཞན་གཅེས་པར་འཛིན་པའི་བསམ་བློའི་ནུས་པ་འཕེལ་རྒྱས་གཏོང་དགོས་པ་བཀའ་གནང་པ་དང་། གཞན་གཅེས་འཛིན་གྱི་བསམ་བློ་དེ་ནི་རང་དོན་གཉིས་ཀར་ཕན་པའི་རླབས་ཆེན་གྱི་ཀུན་སློང་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎