༧གོང་ས་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོཊ་ལ་བཀའ་སློབ།


2016.03.11
༧གོང་ས་མཆོག་གིས་ཇི་ནི་ཝ་རུ་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ་གནང་བཞིན་པ། ༢༠༡༦།༣།༡༡ ༧གོང་ས་མཆོག་གིས་ཇི་ནི་ཝ་རུ་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་ལྷན་ཚོགས་ཐོག་བཀའ་སློབ་གནང་བཞིན་པ། ༢༠༡༦།༣།༡༡
graduateinstitute

དེ་ཡང་འདི་ཚེས༡༡་ཉིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ན་ཊ་ཡུལ་གྲུའི་གཞུང་ཚབ་ཀྱི་གོ་སྒྲིག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་ལྷན་ཚོགས་ཐོག་ལྷན་བཞུགས་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༠ཉིན། སུད་སུ་གྲོང་ཁྱེར་ཇི་ནི་ཝ་རུ་༧ཞབས་སོར་འཁོད་གནང་ཡོད་པ་དང་། དེའི་སྐབས་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། ཡུ་རོབ་སྤྱི་འཐུས། དེ་བཞིན་ས་གནས་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པ་རེད།
དེ་རིང་ཕྱི་ཚེས་༡༡ཉིན། སུད་སི་གྲོང་ཁྱེར་Genevaནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༡པ་དེ་ཚོགས་བཞིན་པ་དང་དུས་མཚུངས་ཨ་རི་དང་ཁེ་ན་ཊའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་། དེ་བཞིན་
མཉམ་འབྲེལ་རྒྱལ་ཚོགསཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་ལྕམ་Kate Gilmoreགྱིས་གོ་སྒྲིག་གནང་བའི་འོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས
དབུས་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁག་ཅིག་གདན་ཞུས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པའི་ཐོག་༧གོང་ས་མཆོག་ལྷན་བཞུགས་གནང་ཡོད་པ་རེད།
ལྷན་ཚོགས་དེ་བཞིན་སུད་སི་ནང་ཡོད་པའི་Graduate Instituteཞེས་པའི་རྒྱལ་སྤྱིའི་འཕེལ་རྒྱས་ཞིབ་འཇུག་སློབ་གཉེར་ཁང་དུ་གནང་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཡ་མེན་Yemenརྒྱལ་ཁབ་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་Tawakkol karmanམཆོག་དང་། ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་
ལྕམ་Shirin Ebadiམཆོག་བཅས་ལྷན་ཞུགས་ཀྱིས་ཇི་ནི་ཝ་མངའ་ཁུལ་གྱི་གཞུང་ཚབ་དང་། ཕྱི་འབྲེལ་ལས་དོན་མི་སྣ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་དང་། ཞིབ་འཇུག་པ། སློབ་ཕྲུག་བཅས་མཉམ་ཞུགས་ཀྱིས་གོ་ལ་ཧྲིལ་པོའི་ནང་འགྲོ་བ་མིའི་ཐོབ་ཐང་གོ་འཕེལ་གཏོང་ཕྱོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ་འཆི་མེད།

འབྲེལ་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་རབ་སྒང་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ།



ལྷན་ཚོགས་སྐབས་ཀྱི་བརྙན་མཐོང་ཆ་ཚང་གཤམ་གྱི་དྲ་ཐག་ནས་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎