ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གལ་གནད་ཆེ།


2017.06.08
༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་བཀའ་སློབ་གནང་སྐབས། ༢༠༡༧།༦།༨ ༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་བཀའ་སློབ་གནང་སྐབས། ༢༠༡༧།༦།༨
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ཐོག་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་གཏོང་རྒྱུར་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་འདི་གལ་གནད་ཤིན་ཏུ་ཆེ་བ་ཡིན་པའི་སྐོར་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་བཀའ་སློབ་ཆེད་གནང་མཛད་འདུག
དེ་རིང་ཚེས་༨ཉིན་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་མཇལ་འཕྲད་ཁང་དུ། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་༣༠༠་སྐོར་ཞིག་ལ་མཇལ་ཁ་སྩལ་ཡོད་པ་རེད། མཇལ་ཁའི་སྐབས་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་དུ། ཆོས་དང་མ་འབྲེལ་བའི་སྤྱོད་བཟང་གི་བྱ་ལས་རྒྱ་གང་ཆེ་ཁྱབ་སྤེལ་སླད་སློབ་གྲྭའི་ནང་། ནང་ཆོས་གཞི་ལ་བཞག་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སློབ་ཁྲིད་བྱ་སྐབས་དེ་དག་ནང་ཆོས་ཀྱི་ལྟ་གྲུབ་ཀྱི་ངོ་བོ་ཐོག་ནས་མ་ཡིན་པར་ཤེས་ཡོན་གྱི་སྡེ་ཚན་ཁྱབ་ཁོངས་ནས་སློབ་ཁྲིད་བྱ་དགོས་པ་ཞིག་ཡིན་པ་སྐུལ་མ་གནང་འདུག
ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བྱམས་བརྩེ་ལྡན་པའི་མ་འོངས་སྤྱི་ཚོགས་ཤིག་གསོ་སྐྱོང་བྱེད་པ་ལ་དགེ་རྒན་ཚོར་འགན་འཁྲི་ཆེན་པོ་ཡོད་པ་དང་། དགེ་རྒན་ཚོས་དེ་ལྟར་འགན་འཁུར་ལེན་ཐུབ་པ་ཞིག་དགོས་པའི་སྐོར་སྐུལ་ལྕགས་གནང་འདུག

གསར་འགོད་པ་ཨྱོན་བསྟན་འཛིན། ཕབ་བཤུས་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎