༸གོང་ས་མཆོག་ནས་སྐུའི་ཡང་སྲིད་ཐད་བཀའ་བསྩལ་བ།

༧གོང་ས་མཆོག་གིས་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་རྩ་བ་ནས་མེད་ལུགས་བཀའ་བསྩལ་གནང་བ།

2011.07.03

༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་རྩ་བ་ནས་མེད་ལུགས་བཀའ་བསྩལ་གནང་འདུག

དགུང་གྲངས་༧༦ལ་ཕེབས་རན་པའི་ཞི་བདེའི་དེད་དཔོན་༧གོང་ས་མཆོག་གིས་རེས་གཟའ་པ་སངས་ཉིན་ཨེ་པི་གསར་ལས་ཁང་གི་གསར་འགོད་པ་ ར་ཝི་ ནེསེ་ཝན་ལ་བཀའ་བསྩལ་དོན་ལྟར་ན།  རྒྱ་ནག་གུང་བྲན་ཏང་གིས་༧གོང་ས་མཆོག་མྱ་ངན་ལས་འདས་པའི་རྗེས་སུ། ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་བྱེད་རྩིས་ཡོད་པ་དེ་ནི་ཞབས་འདྲེན་རེད་ལ།  ལར་ནས་སྐུ་ཐོག་བཅོ་ལྔ་པ་ཕེབས་པ་ཡིན་ན།  བཙན་བྱོལ་ནང་འཁྲུངས་རྒྱུ་ཡིན་པ་དང་དེ་མ་ཟད་དགོས་དབང་གཟིགས་ཚེ་མ་འདས་སྤྲུལ་སྐུ་ཡང་ངོས་འཛིན་གནང་སྲིད་པའི་སྐོར་བཀའ་བསྩལ་གནང་འདུག  རྒྱ་ནག་གིས་༧གོང་ས་མཆོག་མྱ་ངན་ལས་འདས་པའི་རྗེས་སུ་བོད་ཀྱི་འཐབ་རྩོད་རྩ་བརླག་ཏུ་འགྲོ་རྒྱུའི་རེ་བ་བཅང་གི་ཡོད་པ་དང་སྐུའི་ཡང་སྲིད་ཀྱང་། རྒྱ་ནག་གཞུང་གིས་བོད་རང་ནས་ངོས་འཛིན་བྱ་རྒྱུའི་ཐག་གཅོད་དང་སྦྲགས་༧གོང་ས་མཆོག་གིས་སྲོལ་རྒྱུན་གྱི་ལམ་ལུགས་བརྩི་མེད་གནང་གི་ཡོད་ལུགས་སྐྱོན་བརྗོད་ཀྱང་བྱེད་མུས་ཡིན་པ་རེད། 

ཡང་༧གོང་ས་མཆོག་གིས་གང་ཉིད་ཡང་སྲིད་ཕེབས་དང་མ་ཕེབས་ཀྱི་ཐག་གཅོད་གནང་རྒྱུ་རྒྱལ་དབང་སྐུ་མདུན་ཁོ་ན་མ་གཏོགས་གཞན་སུ་གཅིག་ལའང་མེད་པའི་ཁར། དེ་ནི་ཆོས་ཕྱོགས་ཀྱི་བྱ་གཞག་ཞིག་ཡིན་པས།  ཆབ་སྲིད་ཀྱི་དབང་ཆས་ར་གཟི་བའི་ཆོས་མེད་དམར་པོའི་གཞུང་གིས་ ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ག་ལ་ཡོད་ཅེས་བཀའ་ལན་གནང་འདུག། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་འཐབ་རྩོད་༧གོང་ས་མཆོག་ཙམ་མ་ཡིན་པར་བོད་ཀྱི་ས་ཡ་དྲུག་གི་རྩ་དོན་ཡིན་པའི་དངོས་ཡོད་གནས་ཚུལ་ངོས་ལེན་བྱས་ཚེ། ༧གོང་ས་མཆོག་ཀྱང་བོད་རྒྱའི་དབར་འགྲིག་འཇགས་ཀྱི་ཁོར་ཡུག་བསྐྲུན་ཆེད་རྒྱ་ནག་ནང་ཕེབས་རྒྱུའི་དགོངས་བཞེས་གནང་མུས་ཡིན་སྐོར་བཀའ་གནང་འདུག།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎