༧གོང་ས་མཆོག་གིས་དགུང་ལོ་བརྒྱ་བར་བཞུཊ་རྒྱུ་ཡིན་པ་གསུངས་འདུག


2016.11.02
གཞིས་བྱེས་འཕན་པོ་དང་པདྨ་བཀོད་ཀྱི་སེར་སྐྱ་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༦།༡༡།༢ གཞིས་བྱེས་འཕན་པོ་དང་པདྨ་བཀོད་ཀྱི་སེར་སྐྱ་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་སྐབས། ༢༠༡༦།༡༡།༢
སངས་རྒྱས་རྡོ་རྗེ། /RFA

གཞིས་བྱེས་འཕན་པོ་དང་པདྨ་བཀོད་ཀྱི་སེར་སྐྱ་མི་མང་གིས་༧གོང་ས༧་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་རེད།
འདི་ཚེས་༢་ཉིན་གྱི་ཞོགས་པར་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ། གཞིས་བྱེས་འཕན་པོ་དང་པདྨ་བཀོད་ཀྱི་སེར་སྐྱ་མི་མང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན། ཁྱེད་རང་ཚོ་བྱེས་སུ་འཁོད་པའི་པདྨ་བཀོད་པ་དང་འཕན་པོ་སྐྱིད་སྡུག་ནས་གཞིས་ལུས་མི་མང་ཚོའི་བསམ་བློ་དང་འདུན་པའི་ཚབ་བྱས་ཏེ། དེ་རིང་འདིར་བརྟན་བཞུགས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་བ་ཡིན། ང་འདྲ་པོ་ཐ་མལ་བ་ཞིག་ལ་སྐྱེ་འཆི་ལ་རང་དབང་ཡོད་པ་མ་རེད་དེ། སུ་དང་སུ་ཡིན་ནའང་ཕན་པ་ཟེར་བ་དེ་གནད་འགག་ཆེན་པོ་རེད། དེར་བརྟེན་ང་རང་གི་ངོས་ནས་ཡིན་ནའང་ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་སྨོན་ལམ་རྒྱག་གི་ཡོད་ལ། ཚིག་ཙམ་གྱི་སྨོན་ལམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཤུགས་བསྐྱེད་དེ་ཉིན་རེ་བཞིན་དུ་སྨོན་ལམ་རྒྱག་གི་ཡོད་ཅེས་སོགས་གསུང་ནས། ༧གོང་ས་མཆོག་གིས་གཏེར་སྟོན་ཉི་གྲགས་སོགས་གཏེར་སྟོན་ཁ་ཤས་ཀྱི་ལུངས་དུ་ལོ་༡༡༣ འཚོ་ཡི་རེད་གསུངས་ཡོད་བ་རེད། དེ་ཕལ་ཆེར་ང་མིན་ནམ་བསམ་གྱི་འདུག ང་རང་གི་རྨི་ལམ་ནང་ཡང་ལོ་༡༡༣་འཚོ་ཡི་ཡོད་པའི་རྨི་ལམ་བྱུང་སོང་། རེད་དེ། ད་དེ་འདྲ་སྡོད་རྒྱུ་ཁག་པོ་མིན་ནམ་བསམ་གྱི་འདུག ད་ཡིན་ན་ཡང་། ལོ་༡༠༠་ཐམ་པ་སྡོད་རྒྱུའི་སྨོན་ལམ་རྒྱག་གི་ཡོད་ལ་འཚོ་ཐུབ་ཀྱི་རེད། གལ་ཆེ་ཤོས་དེ་ང་བསྡད་ནས་མི་ལ་ཕན་པ་ཞིག་དགོས་རེད་མ་གཏོགས་དེ་ག་ཙམ་རྒྱལ་བ་རིན་པོ་ཆེ་ཡོད་པ་ཙམ་གྱིས་གང་ཕན་གྱི་མ་རེད་ཅེས་དང་། དེ་བཞིན་༧གོང་ས་མཆོག་གིས་ཆོས་ཞེས་པ་དེ་ཁ་ནས་འདོན་བསྡད་པ་ཙམ་མིན་པར་སེམས་རྒྱུད་འདུལ་དགོས་པ་དང་། སེམས་རྒྱུད་འདུལ་མ་ཐུབ་ན་བསྟན་པའི་ཞབས་འདྲེན་རེད། སངས་རྒྱས་ཀྱི་བསྟན་པར་ཕན་རྒྱུ་ལས་ལྡོག་སྟེ་གནོད་ཀྱི་ཡོད་པས་ཚང་མས་ཧུར་སྐྱེད་གནང་རོགས། ཁྱེད་རང་ཚོས་བརྟན་བཞུགས་ཕུལ་ཏེ་ཚེ་རིང་བ་ཤོག་ཟེར་ནས་ང་ལ་ཡར་སྐྱབས་འཇུག་ཞུ་ཡི་ཡོད་པ་དང་། ཁྱེད་རང་ཚོས་ཆོས་ཆོས་སུ་སོང་བ་ཞིག་དང་། བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་རྣལ་མ་ཞིག་བྱེད་རོགས་ཅེས་སོགས་བཀའ་སློབ་ཟབ་མོ་གནང་ཡོད།
སྐབས་དེར་ཨོ་རི་སར་ཡོད་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་དབུས་མཁན་བླ་དགེ་འདུན་པའི་སྡེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲུང་ཆེ་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་ཚོགས་དྲུང་། རྡ་ས་ཁུལ་གྱི་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་། བྱེས་ཀྱི་འཕན་པོའི་ས་གནས་ཁག་༡༥་ཙམ་ནས་བརྟན་བཞུགས་འབུལ་མཁན་༢༠༠་མ་ཟིན་ཙམ་དང་། པདྨ་བཀོད་ཀྱི་ས་གནས་ཁག་༡༤ ནས་བརྟན་བཞུགས་འབུལ་མཁན་༡༣༠༠་ཙམ་གྱི་གཙོས་རྡ་ས་ཁུལ་གྱི་སེར་སྐྱ་མི་མང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་བའི་ཡུལ་སྐོར་བ་སོགས་མི་གྲངས་༤༠༠༠་ཡས་མས་འཛོམས་ཡོད་འདུག།

གསར་འགོད་པ་ལྕགས་མོ་འཚོ་དང་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎