བྱ་བ་ཚང་མ་དྲང་པོའི་ལམ་ནས་བསྒྲུབ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན། ༧གོང་ས་མཆོག་གིས།


2019.05.06
༧གོང་ས་མཆོག་གིས་ཚོང་པ་སོགས་ཆེད་ལས་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་སྐབས། ༢༠༡༩།༥།༦ ༧གོང་ས་མཆོག་གིས་ཚོང་པ་སོགས་ཆེད་ལས་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་སྐབས། ༢༠༡༩།༥།༦
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དྲང་པོ་བྱ་རྒྱུ་ནི་ཡིད་ཆེས་ཀྱི་རྨང་གཞི་ཡིན་པ་ཚོང་པ་སོགས་ཆེད་ལས་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་ལ་མཇལ་ཁ་སྩལ་སྐབས་བཀའ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེམ་པོ་མཆོག་གིས། བཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་༥་ཚེས་༦་ཉིན་རྒྱ་གར་དང་ཝིཡེཏ་ནམ། རཤི་ཡ་སོགས་ཀྱི་ཚོང་ལས་འགོ་ཁྲིད་དང་། ཆེད་ལས་ཚོགས་པའི་མི་སྣ་བརྒྱ་སྐོར་ཞིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་རེ་རྣོ་ངར་ལྡན་པའི་ཐག་གཅོད་བྱ་རྒྱུ་རིགས་གཅིག་གིས་ཚོང་དོན་ལས་གཞིར་ལམ་ལྷོང་འབྱུང་སྲིད་ཀྱང་། དྲང་བདེན་བྱེད་ཚེ་མིས་ཡིད་ཆེས་སླེབས་རྒྱུ་ཡིན་སྟབས་དྲང་བདེན་ནི་རྩ་བ་བརྟན་པ་ཡིན་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁར་བཅར་མཁན་གྱི་ཁོངས་སུ་རྒྱ་གར་གྱི་ཚོང་ལས་དང་ཆེད་ལས་ཚོགས་པའི་འགོ་ཁྲིད་༣༥་ཙམ་དང་། ཝིཡེཏ་ནམ་ནས་ ༤༥ ར་ཤི་ཡ་ནས་མི་གྲངས་༡༨་བཅར་འདུག  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལེགས་ཉེས་ཀྱི་རྣམ་དབྱེ་ཚུལ་བཞིན་བཟུང་རྒྱུ་ནི་སྤྱི་ཚོགས་ཀྱི་ཞི་བདེའི་རྨང་གཞི་ཡིན་པ་བཀའ་གནང་པ་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་སེམས་ཀྱི་ཞི་བདེ་དོན་གཉེར་བྱ་ཕྱོགས་ཀྱི་སློབ་གསོ་ངེས་པར་ཡོང་དགོས་པ་བཀའ་གནང་ཡོད་པ་རེད།  ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མི་ཞིག་གི་མི་ཚེའི་ནང་གི་དགོས་པ་ཆེ་ཤོས་དེ་ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་སྒོ་ནས་གཞན་བདེ་འགྲུབ་རྒྱུ་དེ་ཡིན་པ་བཀའ་གནང་ཞིང་། ཡང་མཇལ་བཅར་བའི་ཁོངས་ནས་མི་ཞིག་གིས་སྤྱི་ཚོགས་ནང་གི་རྣམ་རྟོག་བརྩི་བའི་སྲོལ་ལུགས་སྐོར་དགོངས་སྐོར་བཀའ་འདྲི་ཞུས་སྐབས།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྟོག་བརྩི་བའི་སྲོལ་ནི་དུས་ལས་ཡོལ་ཟིན་པའི་གནད་དོན་ཞིག་རེད་ཅེས་དང་། ད་ཆ་གནད་དོན་གང་ཡིན་ཚན་རིག་གི་ལམ་ནས་དཔྱད་པ་བྱེད་པའི་དུས་ཞིག་ཡིན་པ་བཀའ་གནང་འདུག
༧གོང་ས་མཆོག་གིས་ང་ཚོ་ཚང་མ་ལས་རིགས་ཀྱི་ངོ་བོ་འདྲ་མིན་ཡིན་རུང་ཚང་མ་འགྲོ་བ་མིའི་རིགས་ཡིན་པའི་ཆ་ནས་གཞན་ཕན་གྱི་བྱ་བ་གང་ཐུབ་བྱ་དགོས་པ་དང་། ༧གོང་ས་མཆོག་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉིན་ལྟར་གཞན་ཕན་གནང་བཞིན་ཡོད་པའི་སྐོར་བཀའ་སློབ་གནང་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎