རྒྱལ་སྤྱིའི་ཧིན་རྡུ་ཆོས་ལུཊ་ཀྱི་ལྷན་ཚོཊ་སུ་དབུ་བཞུཊ་གནང་རྒྱུ།


2014.11.20
༧གོང་ས་མཆོག་Jawaharlal Nehruགཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་སྐབས། ༢༠༡༤།༡༡།༡༩ ༧གོང་ས་མཆོག་Jawaharlal Nehruགཙུག་ལག་སློབ་གྲྭ་ཆེན་མོར་ཕེབས་སྐབས། ༢༠༡༤།༡༡།༡༩
སྐུ་སྒེར་དྲ་བ

༧གོང་ས་མཆོག་རྒྱལ་སྤྱིའི་ཧིན་རྡུ་ཆོས་ལུཊ་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱངས་རྒྱུ་སོགས་ལྡི་ལིར་ཉིན་དྲུག་གི་མཛད་འཆར་ཆེད་ཕེབས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ༢༠༡༤་ལོའི་ཟླ་༡༡་ཚེས་༡༩་རེས་གཟའ་ལྷག་པའི་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཏེ་ལྡི་ལིའི་ནང་ཉིན་གྲངས་དྲུག་རིང་གི་མཛད་འཕྲིན་རྒྱ་ཆེར་བསྐྱང་རྒྱུ་ཡིན་འདུག་ཅིང་། མཛད་འཕྲིན་གྱི་ཐོག་མར། ཕྱི་ཚེས་༢༠་ཉིན་༧གོང་ས་མཆོག་གིས་རྒྱ་གར་ནང་སྙན་གྲགས་ཆེ་བའི་ཇྭ་ཧར་ལའ་ནེ་ཧ་རུ་གཙུག་ལག་སློབ་ཁང་དུ་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ་ནེ་རུའི་རྗེས་དྲན་གསུང་བཤད་ལས་རིམ་ཐེངས་༡༡་པའི་ཐོག་མིིའི་ཐབས་ལམ་འོག་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་༢༡་ཉིན་འཛམ་གླིང་ཧིན་རྡུའི་ཐེབས་རྩ་ཁང་ཞེས་པས་གོ་བསྒྲིགས་འོག་རྒྱལ་ཁབ་༡༥༠་ནང་གནས་པའི་ཧིན་རྡུའི་ཆོས་ལུགས་ཀྱི་སྐུ་ཚབ་ཚང་འཛོམས་ཐོག་རྒྱལ་སྤྱིའི་ཧིན་རྡུའི་ཆོས་ལུགས་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག སྐབས་དེར་ཆོས་ལུགས་ཀྱི་དབུ་ཁྲིད་ཙམ་མ་ཟད། རྒྱ་གར་གྱི་ཆབ་སྲིད་མི་སྣ་སྙན་གྲགས་ཆེ་བ་དཔེར་ན། བྷི་ཇི་པི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཨ་མིཏ་ཤ་མཆོག་དང་། ནི་ཏིན་གཏྐ་རི་མཆོག ལྕམ་སི་མི་རི་ཏི་ཨི་ར་ནི་མཆོག ནིར་མ་ལ་སི་ཏ་ར་མན་མཆོག་བཅས་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་གདན་ཞུ་ཕུལ་ཡོད་ཀྱང་ལས་རིམ་སྔོན་སོང་ལྟར་ཕེབས་ཁོམ་མེད་རྐྱེན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྲིད་ཚབ་ཏུ་ཆེད་བཅར་གནང་ཡོད་འདུག ཕྱི་ཚེས་༢༢་ཉིན་སྔ་དྲོ་༧གོང་ས་མཆོག་གིས་རྒྱལ་ཡོངས་སློབ་གྲ་ཡར་རྒྱས་ཞེས་སློབ་གྲ་མང་པོ་འདུས་པའི་ཚོགས་པ་དེས་ལོ་གཉིས་གོང་རོལ་ནས་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་ཟིན་པ་བཞིན་སློབ་གྲ་ཁག་༢༠༠་ཙམ་ནས་དགེ་ལས་སློབ་ཕྲུག་སུམ་སྟོང་བརྒལ་བར་བཀའ་སློབ་སྩལ་རྒྱུ་དང་། གཞན་མཛད་འཕྲིན་འགའ་ཞིག་བསྐྱང་རྒྱུ་ཡོད་པ་དང་། ཕྱི་ཚེས་༢༤་ཉིན་༧གོང་ས་མཆོག་ལོ་ལྟར་ཨ་རི་དང་རྒྱ་གར་གང་རུང་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཀྱི་ཡོད་པ་ལྟར་ཐེངས་འདིར་རྒྱ་གར་སྨན་ཁང་ཞིག་ཏུ་སྐུའི་འཕྲོད་བཞེས་སྨན་པས་བརྟག་དཔྱད་ཞུ་རྒྱུ་དང་། དེ་རྗེས་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎