ནང་སེམས་བཟང་གི་ཡོན་ཏན་དང་ཕྱིའི་ཡར་རྒྱས་ཟུང་དུ་སྦྲེལ་དགོས། ༧གོང་ས་མཆོག་གིས།


2019.03.01
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སོག་པོའི་དད་ལྡན་པར་ཆོས་འབྲེལ་སྐབས། ༢༠༡༩།༢།༢༨ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་སོག་པོའི་དད་ལྡན་པར་ཆོས་འབྲེལ་སྐབས། ༢༠༡༩།༢།༢༨
RFA

ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་གཏོང་བར་དམིགས་བསྡད་པ་ལས་ནང་སེམས་ཡར་རྒྱས་གཏོང་བའི་སློབ་གསོ་མེད་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་ཕེབས་པའི་སོག་པོའི་མི་གྲངས་༡༣༠ ལྷག་ཙམ་ཞིག་དང་དྲ་རྒྱའི་ཐད་གཏོང་བརྒྱུད་སོག་ཡུལ་གྱི་རྒྱལ་ས་(Ulan Bator)ནང་གཞོན་སྐྱེས་ཆོས་ཞུ་བ་མི་གྲངས་སྟོང་ཕྲག་གཅིག་ལྷག་ལ་ཆོས་འབྲེལ་གསུང་ཆོས་དང་བཀའ་སློབ་སྩལ་སྐབས།  མིའི་སྤྱི་ཚོགས་ནང་གི་དཀའ་རྙོག་མང་དག་ཞིག་མིས་མི་ལ་བྱམས་པ་དང་བརྩེ་བ་མེད་པ་དང་རང་ཉིད་ལྟར་མི་གཞན་ཚོ་ཡང་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་དག་མེད་པའི་ཐོག་ནས་བྱུང་ཞིང་།  དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་ཡར་རྒྱས་དང་ཀླད་པའི་ཡར་རྒྱས་ཙམ་ལས། ནང་སེམས་ཀྱི་བྱམས་པ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་དེ་དག་དང་འབྲེལ་བའི་སློབ་གསོ་གང་ཡང་མེད་པ་དེས་མིའི་སྤྱི་ཚོགས་འདི་བྱམས་བརྩེ་ལྡན་པ་ཞིག་བཟོ་རྒྱུར་འདང་གི་མེད་པ་བཀའ་གནང་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༡ ཉིན་སླར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་སོག་པོའི་འབྲེལ་བ་དང་། ཡང་༧རྒྱལ་མཆོག་༧སྐུ་ཕྲེང་རིམ་བྱོན་དང་སོག་པོའི་དབར་གྱི་ཐོུང་མ་ཡིན་པའི་འབྲེལ་བའི་སྐོར་ངོ་སྤྲོད་གནང་པར་མ་ཟད།  དེ་སྔ་སོག་པོའི་མཁས་པ་མང་པོས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་དཔལ་ན་ལེནྜའི་ནང་པའི་རིག་གཞུང་ཐོག་ལེགས་སྐྱེས་ཧ་ལས་པའི་ཆེན་པོ་ཕུལ་ཡོད་པ་ཁོང་རྣམ་པའི་བཀའ་དྲིན་དྲན་པའི་ཐོག་ནས།  སོག་ཡུལ་ནང་སངས་རྒྱས་ཀྱི་བསྟན་པ་ཡང་དག་པ་ཞིག་དར་སྤེལ་ཡོང་རྒྱུར་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སུ་བཅར་མཁན་ ས་རཱུལ་ཞུ་བ་ཞིག་གིས།  ༧གོང་ས་མཆོག་ནས་ནང་སེམས་ཀྱི་རིན་ཐང་དང་། གཞོན་སྐྱེས་ཚོས་སོ་སོ་རང་ཉིད་ཀྱི་སེམས་གཙང་མ་དང་། ཞི་བདེ་ངང་གནས་དགོས་པའི་ལམ་སྟོན་མཛད་པ་ལྟར། ངོས་རང་སེམས་བཟང་པོ་དང་། བཟང་སྤྱོད་དང་ལྡན་པའི་གང་ཟག་ཞིག་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎