༧གོང་ས་མཆོག་དང་སུ་ལོ་ཝཱ་ཁེ་ཡའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད།
2016.10.17

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་(Slovakia)་སྲིད་འཛིན་(Andrej Kiska)་མཆོག་དང་མཇལ་འཕྲད་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་༡༦་རེས་གཟའ་ཉི་མའི་ཉིན། Slovakia་གྱི་སྲིད་འཛིན་སྐུ་ཞབས་Andrej Kiska་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་ནི་ཕྱི་ཚེས་༡༦་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོ་ལོ་ཝ་ཀི་ཡ་གྲོང་ཁྱེར་Bratislava་དུ་ཡོད་པའི་Comenius གཙུག་ལག་སློབ་གྲ་ཆེན་མོའི་ནང་དམངས་ཁྲོད་ལ་གསུངས་བཤད་ཀྱི་མཛད་རིམ་གྲུབ་མཚམས་སུ། གྲོང་ཁྱེར་གྱི་བརྙན་འཕྲིན་ལས་ཁང་སྟེང་དུ་ཡོད་པའི་གསོལ་མགྲོན་ཁང་དུ་ Slovakia་གྱི་སྲིད་འཛིན་Andrej Kiska་མཆོག་དང་ཉིན་གུང་གི་གསོལ་སྟོན་ཐོག་མཇལ་་འཕྲད་གནང་འདུག
སྐབས་དེ་དུས་གསོལ་མགྲོན་ཁང་དུ་དགུང་ཚིགས་གསོལ་སྟོན་གྲུབ་མཚམས་སུ་༧གོང་ས་མཆོག་གིས་གསོལ་སྟོན་དང་གསོལ་མགྲོན་ཁང་གཉིས་ཀར་ཐུགས་སྤྲོ་པོ་བྱུང་བ་མ་ཟད། སྲིད་འཛིན་མཆོག་དང་ལྷན་དུ་མཇལ་འཕྲད་བྱུང་བ་ཐུགས་སྤྲོ་པོ་བྱུང་བའི་སྐོར་དང་། ལྷག་དོན་༧གོང་ས་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་པ་དང་། སྲིད་འཛིན་ Andrej Kiska་མཆོག་ནི་ཆབ་སྲིད་པ་ཞིག་ཡིན་པའི་ཁྱད་པར་མ་གཏོགས་ཐུགས་ཀྱི་དགོངས་པ་མང་པོ་༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་དང་འདྲ་མཚུངས་ཡིན་པའི་སྐོར་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ཆོས་ཕྱོགས་གཙོས་མཛད་རིམ་ཁག་བསྐྱངས་བཞིན་པ་ཡིན་ཅིང་། ཡོ་རོབ་ཀྱི་རྒྱལ་ཁབ་Lativia་དང་། སུ་ཛིར་ལནཊི། Slovakia་དང་དེ་ནས་ཅེག་སྤྱི་མཐུན་རྒྱལ་ཁབ། ཨི་ཊ་ལི་བཅས་ལ་ཞབས་སོར་འཁོད་ཀྱི་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།