༧གོང་ས་མཆོག་བཞུགས་སྒར་ནས་ལ་དྭགས་སུ་ཆིབས་ཐོན་གནང་པ།

2022.07.14
༧གོང་ས་མཆོག་བཞུགས་སྒར་ནས་ལ་དྭགས་སུ་ཆིབས་ཐོན་གནང་པ། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༧པའི་ཚེས་༡༤ཉིན། བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་སུ་ཆིབས་ཐོན་གནང་ཡོད་།
Photo: RFA

བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༧པའི་ཚེས་༡༤ཉིན། བཞུགས་སྒར་རྡ་རམ་ས་ལ་ནས་ལ་དྭགས་སུ་ཆིབས་ཐོན་གནང་ཡོད་ཅིང་། ཆིབས་བསྒྱུར་འདི་ནི་ཏོག་དབྱིབས་ནད་ཡམས་ཀྱིས་ལོ་གཉིས་ལྷག་བཞུགས་སྒར་ཕོ་བྲང་དུ་གཏན་བཞུགས་གནང་སྟེ། ས་གནས་གཞན་དུ་ཆིབས་བསྒྱུར་གནང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་ནས་ཀྱང་། ༧གོང་ས་མཆོག་ལ་དྭགས་སུ་ཐུགས་བག་ཕེབས་པོའི་སྒོ་ནས་བཞུགས་ཐུབ་པར།གྲ་སྒྲིག་ཨང་གསར་བྱས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་ནས། གཙོ་བོ་ལ་དྭགས་སུ་༧གོང་ས་མཆོག་གིས་ཐུགས་བག་ཕེབས་པོས་སྐུ་ངལ་གསོ་རྒྱུ་དེ་ཡིན་པ་དང་། དགོན་སྡེ་ཁག་ཅིག་ལ་ཆིབས་བསྒྱུར་ཞལ་བཞེས་དང་སྤྱོད་འཇུག་གི་གསུང་ཆོས་གནང་རྒྱུ་བཅས་ཞལ་བཞེས་གྲུབ་ཡོད་ཐོག་ཟངས་དཀར་གྱི་ནང་ཚོགས་དང་དགོན་ཚོགས་ནས་གདན་ཞུས་གསོལ་འདེབས་ཞུས་པ་ལའང་ཞལ་བཞེས་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་དབུ་ཁྲིད་༧གོང་ས་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་པ་ཏྲན་ཀོ་ཊི་ནས་སྐུ་ངལ་ཅུང་གསོས་ཏེ། རིམ་པས་ཇམ་མུ་ས་གནས་སུ་ཕེབས་ནས་ཞག་བཞུགས་གནང་རྒྱུ་དང་། སྤྱི་ཟླ་༧པའི་ཚེས་༡༥ཉིན་ལ་དྭགས་ཀྱི་སླེ་གྲོང་བརྡལ་དུ་ཆིབས་བསྒྱུར་གནང་འཆར་ཡོད་པས། ལ་དྭགས་ཀྱི་ཡུལ་མི་བསོད་ནམས་རིག་འཛིན་ལགས་ནས། ༧རྒྱལ་བ་ཐམས་ཅད་མཁྱེན་པ་རིང་མིན་ལ་དྭགས་ཀྱི་༧རྒྱལ་བའི་ཕོ་བྲང་ཞི་བའི་ཚལ་དུ་ཕེབས་ཏེ། རྩ་བའི་བླ་མའི་ཞལ་མཇལ་གསུང་ཐོས་འབྱུང་རྒྱུ་ཡིན་པར། ང་ཚོ་ཚང་མ་དགའ་གུས་བསོད་ནམས་ཆེན་པོར་ཚོར་གྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་ལ་དྭགས་དང་བོད་ཀྱི་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་གདོང་ཐུག་ཐེངས་མང་འབྱུང་གི་ཡོད་པ་མ་ཟད། རིང་མིན་སྤྱི་ཟླ་༧པའི་ཚེས་༡༧ཉིན། རྒྱ་གར་དང་རྒྱ་ནག་གི་དམག་དཔུང་མགོ་ཁྲིད་ཚོའི་དབར། ཕན་ཚུན་མཐའ་མཚམས་སུ་དམག་དཔུང་གདོང་ཐུག་མི་འབྱུང་ཆེད་གྲོས་མོལ་གོ་བསྡུར་ཐེངས་༡༦དེ་གནང་འཆར་ཡོད་པ་དང་། ༧གོང་ས་མཆོག་གིས་ལ་དྭགས་སུ་ཆིབས་བསྒྱུར་འདི་ནི་འདས་པའི་ལོ་ངོ་བཞིའི་རྗེས་ཀྱི་ཆིབས་བསྒྱུར་ཐོག་མ་དེ་ཆགས་ཡོད་པས། སྲིད་དོན་དབྱེ་ཞིབ་པ་ཚོས་ཆིབས་བསྒྱུར་འདིས་རྒྱ་གར་གྱིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་འགྱུར་བ་ཞིག་ཀྱང་མཚོན་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎