༧གོང་ས་མཆོག་སྐུ་གཟུཊ་བརྟག་དཔྱད་ཆེད་ཨ་རིར་ཕེབས་ཐོན།
2016.01.19

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གསལ་བསྒྲགས་ལྟར་ན། འདི་ཚེས་༡༩ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ཨ་མི་རི་ཀར་Prostateཞེས་ལྒང་པའི་སྨན་བཅོས་དང་སྐུ་གཟུགས་བརྟག་དཔྱད་ཆེད་བཞུགས་སྒར་ནས་ཕེབས་ཐོན་གནང་ཡོད་པ་འཁོད་འདུག
སྐབས་དེར་གསར་འགོད་པར། གང་ཉིད་ལ་དམིགས་བསལ་གྱི་སྙུང་གཞི་གང་ཡང་མེད་སྐོར་བཀའ་གནང་བ་དང་། གང་ཉིད་ཨ་མི་རི་ཀའི་Minnesotaམངའ་སྡེའི་Rochesterགྲོང་ཁྱེར་ནང་ཡོད་པའི་ Mayo Clinicསྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་ཐོན་གནང་གི་ཡོད་པ་གསུངས་འདུག
ད་དུང་གསར་འགོད་པ་ཚོར། འདས་པའི་ལོ་ངོ་༩རིང་ལ་ངོས་རང་མ་ཡོ་སྨན་དཔྱད་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་དུ་སོང་བ་ཡིན། གལ་ཏེ་སྨན་པས་ངོས་ལ་ནད་ཚ་ཕྲན་བུ་ཡོད་པ་ཤེས་རྟོགས་བྱུང་ན་ཁོ་ཚོས་སྨན་བཅོས་ལེགས་པོ་གནང་གི་རེད་ཅེས་དང་། ཡང་ངོས་ཀྱི་མིག་གཡས་པ་སྐྲངས་འདུག་ཅེས། སྤྱན་ཤེལ་ཕུད་ནས་ཅུང་སྐྲངས་ཡོད་པའི་སྤྱན་གཡས་པ་གསར་འགོད་པ་ཚོར་བསྟན་འདུག
གནས་ཚུལ་ལྟར་ན། ཨ་རིའི་སྨན་ཁང་དེར་སྐུ་གཟུགས་བརྟག་དཔྱད་ནང་རྗེས་ཟླ་ངོ་གཅིག་ཙམ་རིང་སྐུ་ལྷོད་ངང་བཞུགས་རྗེས་རྒྱ་གར་དུ་ཕྱི་ཟླ་གསུམ་པའི་ནང་ཕྱིར་ཕེབས་གནང་ནས་རྣམ་ཀུན་གྱི་མཛད་འཆར་ཁག་མུ་མཐུད་སྐྱོང་གནང་རྒྱུ་ཡིན་འདུག
༧གོང་ས་མཆོག་གིས་ད་བར་ལོ་ངོ་དགུ་རིང་གོང་ཞུས་ཨ་རིའི་Mayo Clinicསྨན་ཁང་དེར་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་མྱོང་ཡོད་པ་རེད།
སྔ་ལོའི་སྤྱི་ཟླ་༡༠བའི་ནང་ཨ་རིའི་མེ་ནི་སོ་ཀྲ་མངའ་སྡེའི་ནང་གི་Rochesterགྲོང་ཁྱེར་ནང་ཡོད་Mayoསྨན་ཁང་ལ་༧གོང་ས་མཆོག་གིས་རྒྱུན་ལྡན་ལྟར་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་གནང་སྐབས། སྨན་པ་རྣམས་ཀྱིས་༧གོང་ས་མཆོག་ལ་སྐུ་ངལ་གསོ་དགོས་ཚུལ་ཞུས་བ་བཞིན་སྐབས་དེའི་ཨ་རིའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་འཆར་ཁག་ཕྱིར་འཐེན་གནང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ།