༧གོང་ས་མཆོག་གིས་སྤྱི་ཚོཊ་ཕན་བདེའི་བྱ་དགའ་གསོལ་སྩལ་གནང་རྒྱུ།


2015.10.29
༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨཔ་རྡུལ་ཀ་ལམ་མཆོག་ལྡི་ལིར་མཇལ་སྐབས། ༢༠༡༢།༩།༡༡ ༧གོང་ས་མཆོག་དང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨཔ་རྡུལ་ཀ་ལམ་མཆོག་ལྡི་ལིར་མཇལ་སྐབས། ༢༠༡༢།༩།༡༡
Tenzin Choejor/OHHDL

རྒྱ་གར་གྱི་སྲིད་འཛིན་ཀ་ལམ་དམ་པའི་མཚན་ཐོག་གི་སྤྱི་ཚོགས་ཕན་བདེའི་བྱ་དགའ་ཞེས་པ་༧གོང་ས་མཆོག་གི་ཕྱག་ནས་གསོལ་སྩལ་གནང་རྒྱུ་ཡིན་པ།
དེ་ཡང་རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་(A.P.J Abdul Kalam)མཆོག་གི་མཚན་ཐོག་གི་སྤྱི་ཚོགས་ཕན་བདེའི་བྱ་དགའ་ཞེས་པ་དེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་གསོལ་སྩལ་གནང་གི་ཡོད་པ་རེད།
རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་Abdul Kalamམཆོག་ནི་ལོ་ངོ་བཞི་བཅུའི་རིང་ལ་ཚན་རིག་ཀྱི་ཐོག་ལ་ཕྱག་ལས་གནང་སྟེ་། རྒྱ་གར་གྱི་སྲུང་སྐྱོབ་ལས་དོན་ཞིབ་འཇུག་དང་འཕེལ་རྒྱས་ཚན་པ་དང་། རྒྱ་གར་གྱི་མཁའ་དབྱིངས་ལས་དོན་ཚན་པ། ལྷག་པར་དུ་རྒྱ་གར་གྱི་རྡུལ་ཕྲན་གོ་མཚོན་འཕེལ་རྒྱས་ཐོག་ལ་ཐུགས་འགན་རྐང་བཞེས་མྱོང་མཁན་རྒྱ་གར་གྱི་ཚན་རིག་ལག་རྩལ་འཕེལ་རྒྱས་ཐོག་ལ་མཛད་རྗེས་ཅན་ཞིག་ཡིན་པ་མ་ཟད། སྤྱི་ལོ་༢༠༠༢ནས་༢༠༠༧བར་རྒྱ་གར་གྱི་སྲིད་འཛིན་གནང་ཞིང་། འདི་ལོའོི་ཕྱི་ཟླ་བདུན་པའི་ཚེས་༢༧ ཉིན་དགུང་གྲངས་༨༣ཐོག་དགོངས་པ་རྫོགས་ཡོད་པ་རེད། སྲིད་འཛིན་དམ་པ་ཁོང་གི་མཚན་ཐོག་གི་སློབ་གཉེར་ཁང་ནས། མི་སྒེར་དང་ཚོགས་པ་གང་རུང་ཞིག་གིས། རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་དུ་ཤིང་སྣ་འདེབས་བཙུགས་བྱས་པ་དང་། སྔོན་མེད་གསར་བཟོ་བྱས་པ། སྔར་ཡོད་ཀྱི་ཆུའི་འབྱུང་ཁུངས་སྲུང་སྐྱོབ་བྱས་པ། འཐུང་ཆུ་གཙང་མ་མཁོ་འདོན་བྱས་པ། ཁོར་ཡུག་སྔོ་ལྗང་ཅན་ཏུ་གྱུར་བ་སོགས་ཁོར་ཡུག་སྲུང་སྐྱོབ་ཐོག་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་སྤྱི་ཚོགས་ཐོག་ལ་བྱས་རྗེས་ངོས་འཛིན་བྱེད་པའི་བྱ་དགའ་ཐེངས་དང་པོ་དེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་གསོལ་སྩལ་གནང་རྒྱུ་ཡིན་པ་རེད།
བྱ་དགའ་ཕུལ་བའི་མཛད་སྒོ་དེ་ནི་རྒྱ་གར་གྱི་ལྷོ་ཕྱོགས་(Tamil Nadu)གྲོང་ཁྱེར་(Chennai)ཚོང་ལས་ལྟེ་གནས་ཁང་དུ་ཕྱི་ཟླ་བཅུ་གཅིག་པའི་ཚེས་༩ ཉིན་གནང་རྒྱུ་ཡིན་པ་དང་། སྲིད་འཛིན་དམ་པ་མཆོག་ལ་ལོ་ངོ་བཅུ་གྲངས་རིང་སློབ་སྟོན་ཕུལ་མྱོང་མཁན་སྐུ་ཞབས་(V.Ponraj)ཞུ་བས། བྱ་དགའ་ཐོབ་མཁན་ཚོགས་པ་དང་མི་སྒེར་བཅས་ལ་ཁྱོན་རྒྱ་གར་གྱི་དངུལ་དུང་ཕྲུར་བཅུ་ཡོད་པ་དང་། བྱ་དགའ་གོ་བསྒྲིགས་ཞུ་མཁན་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་དམ་པ་རྣམ་གཉིས་ཀྱི་དགོངས་གཞི་དང་ལྟ་གྲུབ་ནི་ཞི་བདེ་དང་སྤྱི་ཚོགས་ཕན་བདེ་སྐྲུན་ཐབས་གནང་མཁན་གཅིག་མཚུངས་ཡིན་པ་མ་ཟད། སྲིད་འཛིན་དམ་པ་ཁོང་འཚོ་བཞུགས་སྐབས་ལ་༧གོང་ས་མཆོག་ནི་ཞི་བདེའི་མཚོན་བྱེད་དུ་ངོས་འཛིན་ཞུ་གི་ཡོད་ལ། དབུ་ཁྲིད་རྣམ་གཉིས་ཀྱིས་ན་གཞོན་ཚོར་སྤྱི་ཚོགས་ཐོག་ལ་ཕན་བདེའི་བྱ་བ་སྒྲུབ་དགོས་པའི་བློ་སྟོབས་སྤེལ་གནང་བ་དང་། སྐུལ་དེད་གནང་བའི་ཕྱག་ལས་ཐད་དུས་ཡུན་རིང་པོའི་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ནས་༧གོང་ས་མཆོག་ལ་གདན་ཞུ་ཕུལ་རྒྱུའི་ཐག་གཅོད་བྱས་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎