༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནད་དོན་ཐད་རྒྱ་གར་འགྱུར་བ་འགྲོ་མི་སྲིད། ཉམས་ཞིབ་པས།


2019.04.29
ཇོ་ཧར་ལ་ནེ་ཧེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་(Srikanth Kondapalli) སློབ་དཔོན་(Srikanth Kondapalli)
Srikanth Kondapalli/FB

བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མའི་གནད་དོན་ཐད་རྒྱ་གར་གྱི་ཕྱོགས་ནས་འགྱུར་བ་འགྲོ་མི་སྲིད་པ་རེད་ཅེས་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་(Srikanth Kondapalli) ལགས་ཀྱིས་གསུངས་འདུག
འདི་ལོ་ཕྱི་ཟླ་བཅུ་པའི་ནང་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་གྲོས་མོལ་ཐེངས་གཉིས་པ་དེ། གནད་དོན་བཞིའི་ཐོག་ལ་གྲོས་མོལ་གནང་རྒྱུ་ཡིན་པ་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་རྒྱ་གར་ཧིན་རྡུ་སི་ཐཱན་གསར་ཁང་(Hindustan Times)ཞེས་པའི་སྟེང་གནས་ཚུལ་ཐོན་ཡོད་འདུག་ཅིང་། རྒྱ་ནག་གཞུང་ཕྱོགས་ནས་ཐེངས་འདིའི་གྲོས་མོལ་གྱི་ནང་༧གོང་ས་ཏཱ་ལའི་བླ་མའི་གནད་དོན་དང་། རྒྱུད་གཅིག་ལམ་གཅིག་གི་གནད་དོན། རྒྱ་དཀར་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སོགས་གནད་དོན་བཞིའི་ཐོག་ལ་གྲོས་མོལ་གནང་རྒྱུ་ཡིན་པ་རེད་འདུག
རྒྱ་གར་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལཱལ་ནེཧ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་ཤྲི་ཀཱནཏ་ཀོ་ཌ་པ་ལི་ (Srikanth Kondapalli)ལགས་ཀྱིས། རྒྱ་གར་སྤྱི་ཚོགས་ཁྲོད་༧གོང་ས་ཏཱ་ལའི་བླ་མ་མཆོག་རྗེས་སུ་འབྲངས་མཁན་མི་མང་ཧ་ཅང་མང་པོ་རེད། མི་མང་གིས་འོས་བསྡུའི་ལམ་ནས་ཆབ་སྲིད་ཀྱི་འགོ་ཁྲིད་ཚོར་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནད་དོན་ཐད་ལ་རྒྱ་གར་ཕྱོགས་ནས་འགྱུར་བ་འགྲོ་མི་སྲིད་པ་རེད་ཅེས་བརྗོད་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་གྲོས་མོལ་དེའི་ནང་༧གོང་ས་ཏཱ་ལའི་བླ་མའི་གནད་དོན་གླེང་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་མ་འོངས་ཡང་སྲིད་སྐོར་ཡིན་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་བཞག་བྱ་ཕྱོགས་ཐད་རྒྱ་གར་གཞུང་གི་རྒྱབ་སྐྱོར་རག་ཐབས་བྱེད་ཀྱི་ཡོད་སྲིད་པ་རེད་ཅེས་རྒྱ་གར་ཡུ་པིའི་(UP)མངའ་སྡེའི་ནོཡེ་ཌ་(Noida)གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་ཨ་མི་ཊི་(Amity)གཙུག་ལག་སློབ་ཆེན་ནང་ཆབ་སྲིད་ཚན་རིག་ཐོག་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་པའི་ཡེ་ཤེས་ཟླ་བ་ལགས་ཀྱིས་བརྗོད་འདུག
རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཐོན་པར་ཟླ་བ་གཅིག་ཙམ་ལས་མེད་ཅིང་། གཞུང་གསར་པ་སུ་སླེབས་མིན་ཚོད་དཔག་མ་ཐུབ་པའི་གནས་སྟངས་ཆགས་ཡོད་པ་རེད།  གཞུང་གསར་པ་སུ་སླེབས་མིན་ལ་མ་བལྟོས་པར་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་གཉིས་བར་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག ཡུལ་གྲུ་གཉིས་དབར་གྱི་གྲོས་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་གྲོང་ཁྱེར་ ཝུ་ཧཱན་ནང་བྱས་ཡོད་པ་རེད།
གལ་སྲིད་རྒྱ་གར་གྱི་སྲིད་དོན་ཀོང་རེསི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ནས་གཞུང་འཛིན་ཚོགས་པར་གྱུར་ཚེ།  རྒྱ་གར་དང་རྒྱ་ནག་དབར་གྱི་གྲོས་མོལ་དེ་ཡོང་རྒྱུ་ཁག་པོ་ཡིན་པའི་སྐོར་སློབ་དཔོན་ཤྲི་ཀཱནཏ་ཀོ་ཌ་པ་ལི་ལགས་ཀྱིས་གསུངས་འདུག  ཁོང་གིས་གལ་ཏེ་མ་འོངས་པའི་གཞུང་དེ་སྲིད་དོན་ཚོགས་པ་སྣེ་མང་འདུས་པའི་མནའ་འབྲེལ་གྱི་གཞུང་ཞིག་ཆགས་སྲིད་པ་དང་། མནའ་འབྲེལ་སྲིད་གཞུང་གི་ངོ་བོ་བརྟན་པོ་མེད་སྟབས་རྒྱ་ནག་གི་ངོས་ནས་ཀྱང་ད་ལྟ་ནང་བཞིན་འབྲེལ་བ་བྱེད་རྒྱུ་ཁག་པོ་རེད་ཅེས་གསུངས་འདུག
(CPEC)ཞེས་པ་རྒྱ་ནག་དང་པ་ཀིསི་ཐན་དབར་གྱི་ཐད་ཀར་ཚོང་འབྲེལ་གྱི་རྐྱེན་པས་རྒྱ་གར་ལ་རྙོག་ཁྲ་ཡོང་གི་ཡོད་པ་དང་། གཉིས་ནས་བརྒྱུད་གཅིག་ལམ་གཅིག་གི་རྐྱེན་པས་རྒྱ་གར་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་ཉེན་ཡོད་པར་བརྟེན་རྒྱ་གར་གཞུང་ཕྱོགས་ནས་ད་ལྟའི་བར་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་རྒྱ་གར་ནང་ལག་བསྟར་བྱ་རྒྱུར་ཁས་ལེན་བྱས་མེད་པ་རྒྱ་གར་ནུབ་སྦེན་གྷལ་མངའ་སྡེའི་ཀ་ལི་ཀ་ཏའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་འཇིགས་མེད་ཡེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎