༧གོང་ས་མཆོག་ཧྥ་རན་སིའི་ནང་ཆེ་མཐོང་ཆེན་པོ་ཡོད་འདུག


2016.09.14
༧གོང་ས་ཏཱ་ལའི་བླ་མ་མཆོག་ཧྥ་རན་སིའི་ནང་ཕེབས་སྐབས། ༢༠༡༦།༩།༡༤ ༧གོང་ས་ཏཱ་ལའི་བླ་མ་མཆོག་ཧྥ་རན་སིའི་ནང་ཕེབས་སྐབས། ༢༠༡༦།༩།༡༤
Jeremy Russell

ཧྥ་རན་སིའི་མི་དམངས་མང་པོས་ཡུལ་དེའི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་དགོས་བའི་བསམ་ཚུལ་གསུངས་འདུག
ཉེ་ཆར་ཧྥ་རན་སིའི་གསར་འགྱུར་ལས་ཁང་ཞིག་གིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་ཞིག་བྱས་སྐབས། ཧྥ་རན་སིའི་མི་དམངས་བརྒྱ་ཆ་༨༦་གིས་ཧྥ་རན་སིའི་སྲིད་འཛིན་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུར་རྒྱབ་སྐྱོར་གནང་ཡོད་པ་རེད།
དེ་ནི་ཧྥ་རན་སིའི་སྤྱི་དམངས་བསམ་ཚུལ་བསྡུ་ལེན་ལྟེ་གནས་ཁང་གིས་ཟླ་འདིའི་ཕྱི་ཚེས་༦་དང་༧་ཉིན་ཁ་པར་བརྒྱུད་མང་ཚོགས་ནང་བསམ་ཚུལ་བསྡུ་ལེན་བྱས་སྐབས་མང་ཚོགས་བརྒྱ་ཆ་༨༦་གིས་ད་རེས་༧གོང་ས་མཆོག་ཕྱི་ཟླ་༩་ཚེས་༡༢་ནས་༡༨་བར་ཧྥ་རན་སིའི་ནང་ཆིབས་བསྒྱུར་སྐབས། ཡུལ་དེའི་སྲིད་འཛིན་François Hollande་མཆོག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་མིང་ཐོག་ནས་གཞུང་འབྲེལ་མཇལ་འཕྲད་གནང་དགོས་པའི་དགོངས་ཚུལ་སྟོན་ཡོད་འདུག
དམངས་ཚོགས་བརྒྱ་ཆ་༨༦་དེའི་ནང་ལོ་ནའི་ཚད་གཞི་མེད་པ་མ་ཟད། ཆབ་སྲིད་ཀྱི་རྒྱབ་ལྗོངས་དབྱེ་མེད་ཐོག དེའི་ནང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་བསྐྱོར་མཁན་བརྒྱ་ཆ་༩༡་གིས་རྒྱབ་སྐྱོར་གནང་སྟེ་མང་ཤོས་དེ་ཆགས་ཡོད་འདུག
འོན་ཀྱང་༧གོང་ས་མཆོག་གིས། སྲིད་འཛིན་ལ་དམིགས་བསལ་ཞུ་རྒྱུའི་གནད་དོན་གང་ཡང་མེད་པས་ངེས་པར་དུ་སྲིད་འཛིན་མཇལ་འཕྲད་ཞུ་དགོས་པ་དགོངས་ཀྱི་མི་འདུག་ཅེས་གསར་འགོད་པར་བཀའ་ལན་གནང་འདུག།
བོད་དོན་ཐད་དོ་སྣང་ཆེན་པོ་གནང་མཁན་ཧྥ་རན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ཨན་སྡུ་ཧི་སྒེ་ཐུ་ལན་André Gattolin་མཆོག་གིས། དམངས་ཚོགས་ཁྲོད་བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་འདིའི་ཐོག་ནས་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཡུལ་གྲུ་ཚོར་གནོན་ཤུགས་སྤྲད་མིན་ལ་མ་བལྟོས་བར། ཧྥ་རན་སིའི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ལ་ཆེ་མཐོང་དང་། བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་མཚོན་ཐུབ་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་༦་ཚེས་༡༥་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་རྒྱ་ནག་གི་གནོན་ཤུགས་ལ་མ་བལྟོས་བར་༧གོང་ས་མཆོག་དང་ཕོ་བྲང་དཀར་པོའི་ནང་མཇལ་མོལ་གནང་ཡོད་པ་གསུངས་འདུག།

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎