༧གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་གྲུབ་འདུག


2014.11.13
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དད་ལྡན་མི་དམངས་ལ་ཆོས་འབྲེལ་སྐབས། ༢༠༡༤།༡༡།༡༢ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡའི་དད་ལྡན་མི་དམངས་ལ་ཆོས་འབྲེལ་སྐབས། ༢༠༡༤།༡༡།༡༢
སྐུ་སྒེར་དྲ་བ

༧གོང་ས་མཆོག་གིས་མི་རིང་བར་སོག་པོའི་དད་ལྡན་པ་ཚོར་ལམ་རིམ་ཆེན་མོའི་བཀའ་ཆོས་སྩལ་གནང་རྒྱུའི་མཛད་འཆར་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་ནང་པའི་དད་ལྡན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཀོ་རི་ཡ་དད་ལྡན་པ་གཙོ་བོར་གྱུར་བའི་ཕྱིའི་རྒྱལ་ཁབ་ཁག་༥༧ནས་མི་གྲངས་ཆིག་སྟོང་ལྔ་བརྒྱ་ཙམ་གཙོས་བོད་མི་སྐྱ་སེར་ཆོས་ཞུ་བ་བཅས་ཁྱོན་དད་ལྡན་པ་མི་གྲངས་བཞི་སྟོང་དྲུག་བརྒྱ་ལྷག་ལ་དབུ་མ་རིན་ཆེན་འཕྲེང་བའི་ཆོས་འབྲེལ་གྲུབ་པའི་ཉིན་མཐའ་མར་སྤྱན་རས་གཟིགས་ཀྱི་རྗེས་སྣང་སྩལ་གནང་ཡོད་པ་དང་། ད་རེས་གསུང་ཆོས་སུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་དྲུག་བརྒྱ་ཙམ་ཆེད་བཅར་ཞུས་ཡོད་པ་རེད། ༧གོང་ས་མཆོག་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༡ ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིང་ཆེན་འཕྲེང་བའི་ཆོས་འབྲེལ་དབུ་འཛུགས་མཛད་དེ་དེ་རིང་ཕྱི་ཚེས་༡༣ བར་ཉིན་གྲངས་གསུམ་རིང་བཀའ་ཆོས་སྩལ་གནང་གྲུབ་ཡིན་པ་རེད།
དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་ཕྱི་ཟླ་བཅུ་གཉིས་པའི་མཛད་འཆར་སྙིང་བསྡུས་བཀོད་པའི་ནང། སོག་པོ་དད་ལྡན་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར༧གོང་ས་མཆོག་ནས། ཕྱི་ཟླ་བཅུ་གཉིས་པའི་ཚེས་༢ ནས་༥ བར་ཉིན་གྲངས་བཞིའི་རིང་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོའི་བཀའ་ཆོས་སྩལ་གནང་རྒྱུའི་མཛད་འཆར་དང། དེ་རྗེས་ཕྱི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་མཛད་དེ། དེ་སྔོན་སྐྱབས་རྗེ་གླིང་ཆོ་སྤྲུལ་གླིང་རིན་པོ་ཆེ་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་༧གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༧གོང་ས་མཆོག་ནས་༢༠༡༢ ལོར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆགས་པའི་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་སུ་བྱང་ཆུམ་ལམ་རིམ་བཀའ་ཆོས་སྩལ་གནང་ཡོད་པ་དང་དེའི་མཇུག་འཕྲོད་མུ་མཐུད་ནས་༢༠༡༣ ལོར་སེར་རྭ་དགོན་དུ་སྩལ་གནང་ཡོད་པ་དེ། འདི་ལོ་མུ་མཐུད་ནས་སྩལ་གནང་རྒྱུའི་ཐུགས་གཏན་འཁེལ་བ་ལྟར་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༣ ནས་༢༩ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་བོད་མིའི་གཞིས་ཆགས་སུ་ཆགས་པའི་དགའ་ལྡན་དགོན་དུ་བྱང་ཆུབ་ལམ་རིམ་གསུང་ཆོས་སྩལ་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎