༧གོང་ས་མཆོག་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་བདུན་ཕྲག


2014.10.20
ཨ་རིའི་གྲོང་ཁྱེར་Birminghamནང་༧གོང་ས་མཆོག་ཕེབས་རྒྱུའི་གོ་སྒྲིག་པའི་དྲ་ངོས། ཨ་རིའི་གྲོང་ཁྱེར་Birminghamནང་༧གོང་ས་མཆོག་ཕེབས་རྒྱུའི་གོ་སྒྲིག་པའི་དྲ་ངོས།
དྲ་བཤུས

ཨ་རིའི་གྲོང་ཁྱེར་Birminghamནང་༧གོང་ས་མཆོག་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་བདུན་ཕྲག་ཞེས་པ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་པའི་ཚེས་༢༠ཉིན་ཁ་ན་ཌེའི་ནང་ཞབས་སོར་འཁོད་གནང་མཛད་དེ་ཕྱི་ཚེས་༢༡ཉིན་ཁ་ན་ཊའི་གྲོང་ཁྱེར་Vancouver ནང་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་ལྷན་དུ་དཔལ་འབྱོར་དང་དབང་རྩ་ སེམས་ཁམས་རིག་པ། སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཐོག་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཞེས་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ལྷན་ཞུགས་གནང་རྒྱུ་ཡིན་པ་དང་། དེ་ནས་ཕྱི་ཚེས་༢༢ཉིན་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་རྒྱུ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་རྒྱུ་ཡིན་པ་རེད། དེའི་རྗེས་ཨ་མི་རི་ཀར་ཆིབས་བསྒྱུར་བསྐྱང་སྟེ་ཕྱི་ཚེས་༢༥ནས་ཕྱི་ཟླ་༡༡པའི་ཚེས་༤བར་ཨ་རིའི་མངའ་སྡེ་Alabamaའི་གྲོང་ཁྱེར་Birminghamདང་། གྲོང་ཁྱེར་Boston དེ་བཞིན་ནེའུ་ཡོག་བཅས་ནང་དུ་རིམ་བཞིན་ཆོས་འབྲེལ་བསྐྱང་གནང་རྒྱུའི་ཁོངས་སུ་ཐོག་མར་མངའ་སྡེ་Alabama་ནང་ཀླད་པའི་ཚན་རིག་པ་ཚོའི་ལྷན་དུ་བགྲོ་གླེང་གནང་རྒྱུ་དང་། དེ་ནས་ཕྱི་ཚེས་༢༦་སྔ་དྲོ་ཆོས་ལུགས་མི་འདྲ་བ་ཁག་གི་ཆོས་དཔོན་དང་ལྷན་དུ་ཆོས་ལུགས་ལ་ཡིད་ཆེས་དད་གུས་ཞུ་ཡ་ལས་བརྒལ་བའི་སྐོར་ལ་བཀའ་སློབ་སྩལ་གནང་རྒྱུ་དང་། དེ་ནས་ཉིན་རྒྱབ་མང་ཚོགས་ལ་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེ་དེའི་ནང་མཛད་འཕྲིན་བསྐྱང་གནང་བའི་རིང་ས་གནས་དེའི་ནང་Birminghamའགྲོ་བ་མིའི་ཐོབ་ཐང་གི་བདུན་ཕྲག་ཞེས་པ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད། དེའི་རྗེས་ཨ་རིའི་གྲོང་ཁྱེར་Bostonནང་ཆོས་འབྲེལ་གྱི་མཛད་འཆར་ཁག་ཅིག་བསྐྱང་གནང་རྒྱུ་མ་ཟད། སེམས་དང་སྲོག་ཅེས་ཚན་རིག་དང་ནང་ཆོས་སྐོར་གྱི་བགྲོ་གླེང་ཐོག་ལྷན་ཞུགས་གནང་རྒྱུ་དང་། དེ་ནས་Bostonས་གནས་བོད་མི་ཚོར་སེམས་རྒྱུད་བཟང་པོ་གོང་འཕེལ་གཏོང་ཐབས་སྐོར་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད། དེ་ནས་རིམ་བཞིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་བསྒྱུར་མཛད་དེ་ཕྱི་ཟླ་བཅིུག་པའི་ཚེས་༢ནས་༤བར་ཆོས་འབྲེལ་གྱི་མཛད་འཆར་ཁག་བསྐྱང་གནང་རྒྱུ་དང་། སྤྱི་ཚེས་༥་ཉིན་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་མི་ཚོར་མཇལ་ཁ་སྩལ་གནང་རྒྱུ་ཡིན་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎