སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་འདུག

2021.12.15
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་འདུག སྤྱི་ལོ་༢༠༢༡ སྤྱི་ཟླ་༡༢ ཚེས་༡༥ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གྱི་མཇལ་ཁ་ཞུས་འདུག་
OHHDL

སྤྱི་ལོ་༢༠༢༡ སྤྱི་ཟླ་༡༢ ཚེས་༡༥ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གྱི་མཇལ་ཁ་ཞུས་འདུག་ཅིང་། དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་ཁུར་ཞུས་པའི་རྗེས། ༸གོང་ས་མཆོག་༸སྐུ་དངོས་ཞལ་མཇལ་ཞུས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། མཇལ་ཁ་གྲུབ་པའི་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་། ད་རེས་ཀྱི་མཇལ་ཁའི་སྐོར་བཀའ་འདྲི་ཞུས་པར། ནད་ཡམས་ཀྱི་རྐྱེན་གྱིས་འདས་པའི་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་༸གོང་ས་མཆོག་ནས་མི་མང་ལ་དངོས་སུ་མཇལ་ཁ་གནང་མེད་པ་རེད། དེ་རིང་ནས་བཟུང་གནད་ཡོད་མི་སྣ་ཚོར་དངོས་སུ་མཇལ་ཁ་གནང་རྒྱུ་དབུ་འཛུགས་མཛད་ཡོད་པ་དང་། དེ་ཡང་མཇལ་ཁ་ཐོག་མ་དེ་སྲིད་སྐྱོང་ལ་གནང་སོང་བས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་གི་ལས་ཁུར་ཞུས་པ་ནས་བཟུང་བརྙན་འཕྲིན་དྲ་ལམ་བརྒྱུད་ནས་༸གོང་ས་མཆོག་ལ་ད་བར་མཇལ་ཁ་ཐེངས་བཞི་ཞུས་ཡོད་པ་དང་། ༸གོང་ས་མཆོག་ལ་དངོས་སུ་མཇལ་ཁ་མཐའ་མ་དེ་༢༠༡༧ ལོའི་སྤྱི་ཟླ་༡༠ པའི་ནང་ཞུས་འདུག་ཅིང་། འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ་། ད་རེས་མཇལ་ཁའི་སྐབས། ༸གོང་ས་མཆོག་ནས་བཀའ་སློབ་ཇི་ཕེབས་སྐོར་བཀའ་འདྲི་ཞུས་པར། བཀའ་སློབ་ཀྱི་ནང་དོན་གཙོ་བོ་ཁག་ཞུ་རྒྱུ་མིན་པ་གསུངས་བ་དང་སྦྲགས།  ༸རྒྱལ་བ་རིན་པོ་ཆེ་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཐོག་བཀའ་མོལ་བྱུང་ཞེས་དང་། གཙོ་བོ་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་བཞིན་ལས་དོན་བསྒྲུབ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཀྱི་འདུག གཞན་ཡང་ནད་ཡམས་ཀྱི་གནས་སྟངས་ཡག་ཏུ་ཕྱིན་པ་ཡིན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་མང་ཚོགས་ལ་སྔར་རྒྱུན་བཞིན་གསུང་ཆོས་གནང་རྒྱུ་དང་འབྲེལ་བའི་མཛད་འཆར་ཁག་རིམ་པས་བང་སྒྲིག་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།

དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎