༸གོང་ས་མཆོག་གིས་ཁྲིག་སེ་རིན་པོ་ཆེར་མཇལ་ཁ་དང་བཀའ་སློབ་སྩལ་བ།

2023.04.10
༸གོང་ས་མཆོག་གིས་ཁྲིག་སེ་རིན་པོ་ཆེར་མཇལ་ཁ་དང་བཀའ་སློབ་སྩལ་བ། ༸གོང་ས་མཆོག་གིས་ཁྲིག་སེ་རིན་པོ་ཆེར་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༤།༡༠ ཉིན།
OHHDL

ཉེ་ལམ་རྒྱ་གར་རྒྱལ་ཁབ་ཀྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་རིམ་པ་བཞི་པ་པདྨ་ཤྲི་དེ་བཞེས་གནང་མཁན། ཁྲིག་སེ་རིན་པོ་མཆོག་ལ་སྤྱི་ཟླ་༤པའི་ཚེས་༡༠ཉིན། བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཟིམ་ཆུང་མཇལ་ཁ་གནང་ཡོད་ཅིང་། མཇལ་ཁ་གྲུབ་རྗེས་ཁྲིག་སེ་རིན་པོ་མཆོག་ནས་“ངའི་མི་ཚེ་འདིར་༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དོན་ཇི་བཞིན་གྲུབ་པ་དང་།མི་མང་གི་ཞབས་ཏོག་ཡག་པོ་སྒྲུབ་ཐུབ་ཡོད་སྙམ་ནས་སེམས་ནང་དགའ་སྤྲོ་ཡོད་པ་”འགྲེལ་བརྗོད་གནང་གི་འདུག

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་དང་པོ་ཉིད་ནས་སེམས་དང་ཀུན་སློང་བཟང་པོའི་ཐོག་ནས་རང་འདོད་མེད་པར་མི་མང་ལ་ཞབས་ཞུ་བསྒྲུབ་དགོས་པ་སྟེ། གཙོ་བོ་ལ་དྭགས་སུ་ཆོས་ལུགས་མཐུན་སྒྲིལ་གྱི་ལས་ཀ་བྱེད་དགོས་པ་སོགས་ཀྱི་བཀའ་སྩལ་པར་བརྟེན། ཆོས་ལུགས་མཐུན་སྒྲིལ་གྱི་ཆེད་དུ་རྒྱ་གར་གཞུང་གིས་པདྨ་ཤྲི་གཟེངས་རྟགས་གནང་བ་ཞིག་དང་། མ་རྩ་སྤྱི་ཚོགས་ནང་ཆོས་དང་རིག་གཞུང་། ཤེས་ཡོན་གྱི་ལྟེ་གནས་ཁང་འཛུགས་པ།ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐོག་བསླབ་བྱ་སྤེལ་བ་སོགས། ༧གོང་ས་མཆོག་གི་བཀའ་གནང་བ་བཞིན་སྤྱི་ཚོགས་སུ་ཞབས་སུ་མང་པོ་བསྒྲུབས་ཡོད་པས། ༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དོན་ཇི་བཞིན་གྲུབ་ཡོད་པའི་རེ་བ་ཡོད་པ་ཁྲིག་སེ་རིན་པོ་ཆེ་ནས་འགྲེལ་བརྗོད་གནང་གི་འདུག

Thiksey_Rinpoche_with_PM.jpg

རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་བླ་ཆེན་ཁྲིག་སེ་རིན་པོ་ཆེ་མཆོག་ནས་རྒྱ་གར་གཞུང་དམངས་ལ་ཕན་པའི་ཕྱག་ལས་སྣ་མང་བསྒྲུབས་པར་ངོས་འཛིན་ཆེ་བསྟོད་ཀྱིས། སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༣པའི་ནང་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་སྩལ་བའི་མཛད་སྒོའི་ཐོག རྒྱ་གར་སྲིད་བློན་ནཱ་རེན་ཏི་རཱ་མོ་ཏི་མཆོག་ནས་ཀྱང་མཇལ་འཕྲད་གུས་བརྩི་ཆེན་པོ་གནང་གི་ཡོད་ཅིང་། རིན་པོ་ཆེ་མཆོག་ནས་སྤྱི་ལོ་༡༩༩༩ལོ་ནས་༢༠༠༢བར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཡང་གནང་མྱོང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎