༧གོང་ས་མཆོག་ལ་གྷན་རྡིའི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་གཏན་འཁེལ་འདུག


2018.09.20
༧གོང་ས་མཆོག་སུད་སིར་ཞབས་སོར་འཁོད་སྐབས། ༢༠༡༨།༩།༢༠ ༧གོང་ས་མཆོག་སུད་སིར་ཞབས་སོར་འཁོད་སྐབས། ༢༠༡༨།༩།༢༠
RFA

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་(Gandhidarshan)ཞེས་པའི་གྷན་རྡིའི་འཚེ་མེད་ཞི་བའི་གཟེངས་རྟགས་འབུལ་གཏན་འཁེལ་འདུག
དེ་ཡང་རྒྱ་གར་གྱི་ཧིན་རྡུ་གསར་ཤོག་ནང་ཚེས་བཅུ་དགུ་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། (Gandhi Global Foundation)ཞེས་འཛམ་གླིང་གྷན་རྡིའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(S.Vijayan)མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་ཚོགས་པ་འདིས་སྐྱེས་བུ་དམ་པ་གྷན་རྡིའི་མཚན་ཐོག་ལས་དོན་འདྲ་མིན་གྱི་ཐོག་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་གནང་མཁན་གྱི་མི་སྣ་ཁག་ཅིག་ལ་གཟེངས་རྟགས་འབུལ་རྒྱུའི་མཚན་གཞུང་གསལ་བསྒྲགས་གནང་ཡོད་པའི་ཁོངས་སུ། (Gandhidarshan International Award)ཞེས་པའི་རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལས་འགུལ་སྤེལ་གནང་མཁན་གྱི་གཟེངས་རྟགས་དེ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་རྒྱུ་བདམས་གནང་ཡོད་འདུག བྱ་དགའི་ངོ་བོར་ཧིན་སྒོར་འབུམ་གསུམ་དང་། སྐྱེས་བུ་དམ་པ་གྷན་རྡིའི་བཀའ་སློབ་གལ་ཆེའི་ནང་དོན་སྙིང་བུ་པར་སྒྲོམ་ནང་བཀོད་པ་ཞིག་དང་། གྷན་རྡིའི་སྐུ་བརྙན་ཞིག་བཅས་འབུལ་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྔ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་དགུ་པའི་ནང་ལྷོ་ཨ་ཧྥ་རི་ཀའི་ནང་གྷན་རྡིའི་རྒྱལ་སྤྱིའི་ཐེབས་རྩ་ཁང་ནས་ཞི་བདེ་དང་འདུམ་བསྒྲིགས་ཀྱི་ལས་དོན་ཐོག་གཟེངས་སུ་ཐོན་པའི་མཛད་རྗེས་འཇོག་གནང་བར་གྷན་རྡིའི་བྱ་དགའ་འབུལ་བཞེས་གནང་མྱོང་ཡོད་པ་རེད།
ཡང་གོང་ཞུས་ལྟར། བྱ་དགའ་རིམ་པ་འགའ་ཤས་ཡོད་པའི་ནང་ནས་རྒྱ་གར་རྒྱལ་ནང་གྲོས་ཚོགས་འཐུས་མིའི་ངོ་བོའི་ཐོག་ནས་ལས་དོན་གཟེངས་སུ་ཐོན་པ་གནང་མཁན་དཔལ་འབྱོར་བློན་ཆེན་སྐུ་ཞབས་(Arun Jaitley)མཆོག་དང་། དེ་བཞིན་ཀེ་ར་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Pinarayi Vijayan)ཡང་། ཆོས་ཕྱོགས་ཀྱི་ཐོག་ནས་ཞབས་འདེགས་འགྲུབ་ནས་མཛད་རྗེས་འཇོག་མཁན་ཁོངས་སུ། (Sri Sri Ravi Shankar)དང། སྨན་ཞབས་ཀྱི་ཐོག་ནས་མི་སྣ་གཉིས་ཙམ་ཡོད་པ་ནི། (Lakhmikutty T.K. Jayakumar) དེ་དང་ཕྱོགས་མཚུངས་སྤྱི་ཚོགས་ཞབས་ཞུའི་གཟེངས་སུ་ཐོིན་པའི་མཛད་རྗེས་འཇོག་གནང་མཛད་དེ་དགོངས་པ་རྫོགས་པའི་སྐུ་ཞབས་(Joseph Pulikunnel)བཅས་བདམས་ཐོན་བྱུང་ཡོད་པ་གོང་ཞུས་རྣམས་ལ་གསོལ་རས་ཧིན་སྒོར་འབུམ་གཅིག་དང་། སྐྱེས་བུ་དམ་པ་གྷན་རྡིའི་བཀའ་སློབ་ཀྱི་སྙིང་དོན་འཁོད་པའི་པར་སྒྲོིམ་ཞིག་དང་། སྐུ་བརྙན་ཞིག་བཅས་འབུལ་བཞེས་གནང་རྒྱུ་ཡིན་འདུག
གོང་ཞུས་བྱ་དགའ་དེ་དག་དུས་གཅིག་ཏུ་མ་ཡིན་པར་འཆར་ལོའི་ཕྱི་ཟླ་དང་པོའི་ཚེས་སུམ་ཅུ་དང་། ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བདུན་བཅས་ཁག་སོ་སོར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་དང་། ཕྱི་ཟླ་གསུམ་པའི་ཚེས་བཞི་ཉིན་རྒྱལ་ས་ལྡི་ལིར་འབུལ་རྒྱུ་ཡིན་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དེང་སྐབས་ཡོ་རོབ་ནང་མཛད་འཕྲིན་སྐྱོང་བཞིན་པ་དང་། སྤྱི་ལོ་༢༠༡༨་ཟླ་༩་ཚེས་༢༠་ཉིན་ནེ་ཐེར་ལེནཌསྀ་དང་མཇར་མན་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་སུད་སིར་ཞབས་སོར་འཁོད་གནང་མཛད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎