༧གོང་ས་མཆོག་གིས་དྲག་རྩུབ་ཀྱི་བྱ་སྤྱོད་ཁྱབ་བཞིན་པར་ཐུཊ་འཚབ།


2014.07.23
༧གོང་ས་མཆོག་ཉི་ཧོང་གི་Shintoཆོས་ལུགས་ཀྱི་ཆོས་དཔོན་དང་། ལས་སྣེ་ཁག་ལྷན་དུ་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་མཛད་པའི་སྐབས། ༢༠༡༤།༤།༨ ༧གོང་ས་མཆོག་ཉི་ཧོང་གི་Shintoཆོས་ལུགས་ཀྱི་ཆོས་དཔོན་དང་། ལས་སྣེ་ཁག་ལྷན་དུ་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་མཛད་པའི་སྐབས། ༢༠༡༤།༤།༨
པར། OOT

ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་ཡོད་ནའང་རྗེས་འབྲང་པ་ཚོ་དྲག་རྩུབ་ཀྱི་ལས་ལ་འཇུག་བཞིན་པ་དེ་ཡིད་སྐྱོ་བ་ཡིན་པ་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚེས༢༡ཉིན་ལ་དྭགས་ནས་བཞུགས་སྒར་དུ་ཕེབས་སྐབས། Gaggal གནམ་ཐང་དུ་གསར་འགོད་པ་ཚོར། དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་དྲག་རྩུབ་ཀྱི་བྱ་སྤྱོད་ཁྱབ་བཞིན་པར་ཐུགས་འཚབ་ཡོད་པ་གསལ་བཏོན་གནང་བ་དང་། ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་ཡོད་ནའང་ཆོས་ལུགས་ཁག་གི་རྗེས་འབྲང་པ་ཚོ་དྲག་རྩུབ་ཀྱི་ལས་ལ་འཇུག་བཞིན་པ་དེ་ཡིད་སྐྱོ་བའི་གནས་ཚུལ་རེད་ཅེས་བཀའ་གནང་ཡོད་པ་དང་། དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་Navi Pillayནས་ཀྱང་Palestineགྱི་Hamasདྲག་འཐབ་ཤོག་ཁག་གིས་གང་བྱུང་མེ་འཕེན་བྱེད་བཞིན་པ་དེར་སྐྱོན་བརྗོད་དང་སྦྲགས། Gaza ཁུལ་དུ་Israelགིས་དྲག་པོའི་གཏོར་རྒོལ་གཏོང་བཞིན་ཡོད་པ་དེ་དམག་འཁྲུག་གི་ནག་ཉེས་བསགས་པ་དང་གཅིག་མཚུངས་ཆགས་རྒྱུ་ཡིན་སྐོར་དེ་རིང་གསུང་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་Gaza ཐོག་Israel གིས་གཏོར་རྒོལ་གཏོང་བཞིན་པའི་གནས་སྟངས་ཐོག་ཛ་དྲག་གི་ལྷན་འཛོམས་ཤིག་སྐོང་ཚོགས་གནང་བའི་སར་ལྕམ་Pillay ཡིས་Israelགིས་གཏོར་རྒོལ་བཏང་བ་དེ་བཞིན་རྒྱལ་སྤྱིའི་ཁྲིམས་དང་འགལ་སྲིད་པ་ཞིག་ཡིན་དུས་དོན་རྐྱེན་དེ་དག་དམག་འཁྲུག་གི་ནག་ཉེས་བསགས་པ་དང་གཅིག་མཚུངས་ཆགས་སྲིད་པ་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག Israel གྱི་ཡུལ་མི་ཚོར་ཡང་Hamas ཕྱོགས་ནས་མེ་ཤུགས་འཕུར་མདེལ་གྱི་རྒོལ་བརྡུང་ཕོག་རྒྱུའི་འཇིགས་སྣང་མེད་པའི་ཐོག་ནས་མི་ཚེ་བསྐྱལ་རྒྱུའི་ཐོབ་ཐང་ཡོག་རེད་ཅེས་ནན་བརྗོད་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎