༧གོང་ས་མཆོག་གིས་ཕྱིའི་གཞུང་ཚབ་ལས་བྱེད་ཚོར་བཀའ་སློབ།


2015.12.07
༧གོང་ས་མཆོག་རྒྱ་གར་སྦེང་ལོར་གྱི་ཕྱིའི་གཞུང་ཚབ་ལས་བྱེད་ཚོར་མཇལ་བར་ཕེབས་སྐབས་གསར་འགོད་པ་ཚོས་ཕེབས་སྒུག ༢༠༡༥།༡༢།༦ ༧གོང་ས་མཆོག་རྒྱ་གར་སྦེང་ལོར་གྱི་ཕྱིའི་གཞུང་ཚབ་ལས་བྱེད་ཚོར་མཇལ་བར་ཕེབས་སྐབས་གསར་འགོད་པ་ཚོས་ཕེབས་སྒུག ༢༠༡༥།༡༢།༦
Tenzin Choejor/OHHDL

༧གོང་ས་མཆོག་གིས་སྤྱི་ཚོགས་ནང་བྱམས་བརྩེ་དང་བཟོད་སྒོམ་སོགས་གོང་འཕེལ་གཏོང་དགོས་པ་གལ་ཆེ་ཡིན་པ་གསུངས་བ།
དེ་ཡང་འདི་ཚེས་༦ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ། Diplomatic Consular Corps of Karnatakaཞེས་པའི་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནང་ཡོད་པའི་རྒྱལ་ཁབ་ཁག་འདྲ་མིན་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཁག་གི་འགན་འཛིན་དང་། ལས་བྱེད་པ་མང་དག་ཅིག་མཉམ་འཛོམས་ཀྱི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་མགོན་པོ་གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཆིབས་བསྒྱུར་བསྐྱངས་སྐབས། ཐོག་མར་ཕ་རན་སིའི་གཞུང་ཚབ་ཁང་གི་སྐུ་ཞབས་Anatole Kuschpetaལགས་ཀྱིས། ༧གོང་ས་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། ༧གོང་ས་མཆོག་གིས་སྣང་གསལ་ཞལ་ཕྱེས་མཛད་གྲུབ་མཚམས། བྷོ་སི་ནི་ཡ་དང་། ཧར་ཛེ་གོ་ཝི་ནའི་གཞུང་ཚབ་སྐུ་ཞབས་Sabit Subasicལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་༧གོང་ས་མཆོག་ངོ་སྤྲོད་ཞུས།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་པའི་ནང་། འཛམ་གླིང་འདིའི་སྟེང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་ཚང་མ་མ་ལས་སྐྱེས་པ་གཅིག་མཚུངས་ཡིན་སྟབས། འགྲོ་བ་མི་རིགས་ཡོངས་རྫོགས་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་ངེས་པར་དུ་འཛིན་དགོས་པ་ལས་དེ་ལས་ལྡོག་ཏེ་དབུལ་ཕྱུག་དང་། ཤེས་ཡོན་ལྡན་མིན། གོ་ས་མཐོ་དམན། རྒྱལ་ཁབ་མི་འདྲ་བའི་སོགས་ཁྱད་པར་ཁོ་ནར་གཙིགས་ཆེར་འཛིན་པའི་རྙིང་ཞེན་གྱི་བསམ་བློ་དེར་གཙོ་བོར་བཟུང་བའི་ཐོག་ནས་ཕྱིན་པའི་དབང་གིས། དེང་སྐབས་འཛམ་གླིང་སྟེང་དཀའ་ངལ་དང་རྙོག་ཁྲ་ཡོང་གི་ཡོད་པར་བརྟེན། དཀའ་ངལ་དེ་དག་མེད་པ་བཟོ་རྒྱུར། ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་ལ་འགྱུར་བ་བཏང་ཏེ། སྤྱི་ཚོགས་ནང་བྱམས་བརྩེ་དང་། བཟོད་སྒོམ་སོགས་གོང་འཕེལ་གཏོང་དགོས་པ་གལ་ཆེ་ཡིན་པའི་བཀའ་སློབ་སྩལ་ཡོད་པ་རེད།

གསར་འགོད་པ་ངག་ཆོས།
ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎