༧གོང་ས་མཆོག་གི་དགོངས་གཞི་དེ་ལུགས་མཐུན་རེད།


2017.03.24
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་གཞུང་ཚབ་ཀན་ཝལ་སི་བྭལ་(Kenwal Sibal) རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་གཞུང་ཚབ་ཀན་ཝལ་སི་བྭལ་(Kenwal Sibal)
འཇིགས་མེད་སྙན་གྲགས།/RFA

རྒྱ་ནག་གི་དབུ་ཁྲིད་ཚོས་བོད་ཀྱི་དཀའ་རྙོག་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པས་ནན་བརྗོད་གནང་འདུག
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀཱན་ཝཱལ་སི་སྦཱལ་ལགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། ཁོང་གིས་ཕྱི་ཚེས་ ༢༣ ཉིན་བོད་མི་དམངས་སྤྱི་འཐུས་དང་གཞུང་ཞབས་ཁག་གཅིག་དང་ལྷན་ཚོགས་ཤིག་གནང་པའི་སྐབས།  ༧གོང་ས་མཆོག་གིས་བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་དགོངས་གཞི་དེ་ནི་ལུགས་མཐུན་ཡིན་པ་གསུངས་ཤིང་། ཁོང་གིས། བོད་ནང་རྒྱ་མིའི་དཔུང་དམག་འབོར་ཆེ་དཔུང་འཇོགས་བྱེད་བཞིན་ཡོད་སྟབས། ཁོར་ཡུག་དེའི་འོག་བོད་ལ་རང་དབང་ཞིག་ཡོང་ཐབས་མེད་པ་རེད་ཅེས་གསུངས་འདུག།
ཡང་བོད་ཀྱི་དཀའ་རྙོག་སེལ་རྒྱུར་རྒྱ་གར་གཞུང་གི་ངོས་ནས་གནང་ཐུབ་ཡག་ཇི་ཡོད་གསུངས་སྐབས། ཁོང་གིས།  དང་པོ། རྒྱ་གར་གྱི་ངོས་ནས་བོད་འདི་རྒྱ་ནག་ནང་གི་རང་སྐྱོང་ལྗོངས་ཞིག་ལ་ངོས་བཟུང་བ་ལས། དམག་དོན་གྱི་བཙན་བཟུང་བྱས་པའི་རྒྱ་ནག་གི་མངའ་ཁུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་གསུངས་ཏེ། དེ་གཉིས་ཀྱི་དབྱེ་འབྱེད་རིམ་པས་གསལ་པོ་བཟོ་དགོས་ཀྱི་རེད་ཅེས་དང་། གཉིས་པར། རྒྱ་ནག་ལ་རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་གནས་བབས་ཐོག་གི་འགན་འཁུར་ཡོད་པ་དང་། འབྲེལ་ལམ་གྱི་གནད་དོན་དང་དེ་མིན་གནད་དོན་དང་འབྲེལ་ཆགས་ཀྱི་ཐོག་ནས་རྒྱ་གར་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ཀྱི་དཀའ་རྙོག་དེ་བོད་མིའི་མངོན་འདོད་ལྟར་སེལ་དགོས་པ་གསུངས་དགོས་ཀྱི་རེད་ཅེས་གསུངས་འདུག།  ད་དུང་ཁོང་གིས་བོད་མིའི་རིག་གཞུང་ཕྱུག་པོ་དེ་སྲུང་སྐྱོབ་བྱེད་དགོས་ལ།  དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཡང་སྲུང་སྐྱོབ་བྱེད་དགོས། བོད་ཀྱི་ཁོར་ཡུག་གི་གནས་བབས་ལ་དོ་ཕོག་འབྱུང་ཚེ་འབྱུང་འབྲས་ཧ་ཅང་གི་ཚབས་ཆེ་ཡོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
རྒྱ་དཀར་ནག་དབར་གྱི་ས་མཚམས་ཀྱི་རྩོད་རྙོག་གི་གནད་དོན་ཐད་གསུངས་སྐབས་ཁོང་གིས། རྟ་ཝང་ནི་རྒྱ་གར་གྱི་བདེ་སྲུང་གི་འགག་རྩའི་ས་བབ་ཞིག་ཡིན་པ་གསུངས་འདུག
སྐུ་ཞབས་ཀཱན་ཝཱལ་སི་སྦཱལ་ནི་ཡུལ་གྲུ་འདྲ་མིན་ནང་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་གནང་མྱོང་ཡོད་པ་རེད།   ཁོང་ད་རེས་རྡ་སར་ཕེབས་སྐབས་སྤྱི་འཐུས་གྲོས་ཚོགས་སུ་འཚམས་གཟིགས་གནང་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎