༧གོང་ས་མཆོག་གིས་སྙིང་རྗེ་དང་ཀུན་ཁྱབ་འགན་ཁུར་ཐད་བཀའ་སློབ།


2016.04.08
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཤེར་ཊོན་Sheritonགསོལ་མགྲོན་ཁང་དུ་བཀའ་སློབ་གནང་སྐབས། ༢༠༡༦།༤།༧ ༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཤེར་ཊོན་Sheritonགསོལ་མགྲོན་ཁང་དུ་བཀའ་སློབ་གནང་སྐབས། ༢༠༡༦།༤།༧
བསྟན་འཛིན་འོད་ཟེར།/RFA

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི། ཨ་མི་རི་ཀའི་གཞུང་ཚབ་ཀྱི་སློབ་གྲྭའི་དགེ་ལས་ཡོངས་ལ་བྱམས་བརྩེ་ནི་འཛམ་གླིང་འདིའི་ནང་རང་གཞན་གཉིས་ཀ་ཞི་བདེའི་ངང་འཚོ་གནས་ཡོང་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་པ་སོགས་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་ཐད་བཀའ་སློབ་གསུང་བཤད་སྩལ་གནང་མཛད་འདུག།
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ཕྱི་ཟླ་༤་ཚེས་༨་ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཀྱི་སློབ་གྲྭའི་དགེ་ལས་ཐོུང་ལ། བྱམས་བརྩེ་ནི་འཛམ་གླིང་འདིའི་ནང་རང་གཞན་གཉིས་ཀ་ཞི་བདེའི་ངང་འཚོ་གནས་ཡོང་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་བཀའ་གནང་པ་དང་། གཞན་གྱི་སྡུག་བསྔལ་འཁུར་དུ་བླངས་རྒྱུ་ནི། འཇིག་རྟེན་བདེ་སྐྱིད་ཀྱི་རྨང་གཞི་ཞིག་ཡིན་པ་བཀའ་གནང་འདུག
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། འདས་པ་ནི་ཡོལ་ཟིན་པ་ཞིག་ཡིན་པ་དང་། མ་འོངས་པའི་མདུན་ལམ་བཟང་པོ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུ་ནི། སློབ་མ་ཁྱེད་རྣམས་ལྟ་བུ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ལ་ལས་འགན་ཆེན་པོ་ཞིག་ཡོད་པ་བཀའ་གནང་ཡོད་པ་རེད།  
༧གོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་གྱི་རྒྱལ་ལྡི་ལིའི་ནང་གི་མཛད་འཆར་གཙོ་བོ་ནི། ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་སུ་སློབ་གྲྭའི་ཤེས་ཡོན་གྱི་ལམ་ལུགས་ནང་། སློབ་ཚན་གྱི་ངོ་བོའི་ཐོག་ནས་སློབ་གསོ་སྤྲོད་ཕྱོགས་དང་། སློབ་ཚན་གཏན་འབེབས་གནང་ཕྱོགས་ཐད་ཕྱི་ནང་གི་མཁས་པ་ཁག་ཅིག་དང་དཔྱད་བསྡུར་བགྲོ་གླེང་མཛད་རྒྱུ་ཡིན་པ་བཞིན་ཁ་ས་ཚེས་༧ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱེད་པའི་ཤེར་ཊོན་Sheritonགསོལ་མགྲོན་ཁང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་རེད།  
བགྲོ་གླེང་ཚོགས་འདུའི་ནང་། ནང་ཆོས་དང་ཤེས་ཡོན་ཐོག་མཁས་པ་བོད་རིགས་དང་། རྒྱ་གར་གཙུག་ལག་སློབ་གྲྭ་ཁག་ནས་མཁས་དབང་དང་། ཤེས་ལྡན་མི་སྣ་བརྒྱ་ཙམ་མཉམ་བཞུགས་གནང་པའི་ཐོག་ཨ་རིའི་Emory་གཙུག་ལག་སློབ་གཉེར་ཁང་གིས་༢༠༡༥་ལོར་འདོན་སྤེལ་བྱས་པའི་Secular Ethics in Education་འམ་ཤེས་ཡོན་སློབ་གསོའི་ནང་ཆོས་དང་འབྲེལ་བ་མེད་པའི་བཟང་སྤྱོད་ཅེས་པའི་སློབ་གཞི་ལག་བསྟར་བྱ་ཕྱོགས་ཐད་བགྲོ་གླེང་གནང་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎