རང་གཅེས་འཛིན་ནི་སེམས་མ་རུང་བ་སྐྱེ་བའི་གཞི་ཡིན། ༧གོང་ས་མཆོག་གིས།


2018.04.30
རྒྱ་གར་གྱི་བེུད་ཁག་གཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་སྐབས། ༢༠༡༨།༤།༢༧ རྒྱ་གར་གྱི་བེུད་ཁག་གཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་སྐབས། ༢༠༡༨།༤།༢༧
dalailama/FB

ཉོན་མོངས་ཅན་གྱི་སེམས་ནི་རང་གཅེས་འཛིན་དང་འཁྲུལ་བའི་བློ་ལས་ཡོང་གི་ཡོད་པ་༧གོང་ས་མཆོག་གིས་གསུངས་བའི་བཀའ་སློབ་ལ་མི་ས་ཡ་གཉིས་ལྷག་གིས་བལྟས་འདུག
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་རྒྱ་གར་གྱི་བེུད་ཁག་གཅིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁར་བཅར་བའི་སྐབས། བེུད་ཞིག་གིས་ཉོན་མོངས་པའི་སེམས་འགོག་པའི་ཐབས་ལམ་དགོངས་སྐོར་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉོན་མོངས་ཅན་གྱི་སེམས་སམ་སེམས་མ་རུང་པ་དག་ནི་གཙོ་བོ་ང་དང་ང་ཞེས་བའི་རང་གཅེས་འཛིན་གྱི་བློ་དང་ཡུལ་སྣང་བ་ལྟར་དུ་བདེན་པར་གྲུབ་པར་འཛིན་པའི་འཁྲུལ་པའི་བློ་དེ་གཉིས་ནས་ཡོང་གི་ཡོད་པ་བཀའ་གནང་ཞིང་། དེ་འགོག་པར་ཐབས་དང་ཤེས་རབ་ཟུང་སྦྲེལ་གྱི་ཐོག་ནས་གཉེན་པོ་བསྟན་དགོས་པ་དང་། དེ་ཡང་ཐབས་ཀྱི་ཆ་ནས་གཞན་ཕན་དང་ཤེས་རབ་ཀྱི་ཆ་ནས་ཡུལ་བློར་སྣང་བ་ལྟར་དུ་མ་གྲུབ་པའི་ཆོས་ཉིད་ཀྱི་ངང་ཚུལ་ལ་གོམས་དགོས་པ་བཀའ་གནང་འདུག
དུས་ཡུན་སྐར་མ་ ༡ དང་སྐར་ཆ་ ༣༦ ཙམ་ལས་མེད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་འདིར་ངོ་གདོང་དྲ་རྒྱ་ཁོ་ནའི་ཐོག་མཇལ་མཁན་ཕྱི་ཟླ་ ༤ ཚེས་ ༣༠ བར་ས་ཡ་གཉིས་དང་འབུམ་བཞི་ཙམ་བྱུང་འདུག་པར་མ་ཟད། གཞན་ལ་མཉམ་སྤྱོད་བྱ་མཁན་གསུམ་ཁྲི་དྲུག་སྟོང་། བཀའ་སློབ་འདིར་དགའ་པོ་བྱ་མཁན་དགའ་རྟགས་རྒྱག་མཁན་ ཁྲི་བརྒྱད་མ་ཟིན་ཙམ་བྱུང་ཡོད་པ་རེད།
ད་ལྟའི་འཕྲུལ་རིག་དྲ་རྒྱའི་དུས་སྐབས་འདིར་མཚོན་ན་ཉིན་གྲངས་བཞིའི་ནང་ཕྱོགས་ཡོངས་ཀྱི་གྲངས་འབོར་འདི་ལྟ་བུ་མང་པོར་སླེབས་པ་ནི་ཧ་ལས་པའི་ཚད་མཐོ་པོ་ཡིན་ལ། དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་འཛམ་གླིང་ནང་དོ་སྣང་ཞུ་མཁན་ཧ་ཅང་མང་པོ་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད།

གསར་འགོད་པ་འགན་འཛིན་སྐལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎