བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་ཐེ་ཝན་གྱི་སྲིད་འཛིན་ལེའེ་ཆིང་ཏེ་ཡིས་སྲིད་འཛིན་ལས་ཁུར་གྱི་དམ་འབུལ་ཞུས་པར།འཚམས་འདྲིའི་གསུང་འཕྲིན་ཕེབས་ཡོད་པ།

2024.05.21
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་ཐེ་ཝན་གྱི་སྲིད་འཛིན་ལེའེ་ཆིང་ཏེ་ཡིས་སྲིད་འཛིན་ལས་ཁུར་གྱི་དམ་འབུལ་ཞུས་པར།འཚམས་འདྲིའི་གསུང་འཕྲིན་ཕེབས་ཡོད་པ། བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་གྱི་ཏའུ་ཡཱན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ཚེས་༣༠ཉིན།
Photo Reuters

བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་ནས།ཐེ་ཝན་གྱི་སྲིད་འཛིན་ལེའེ་ཆིང་ཏེ་(賴་清་德)ཡིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་པར། སྤྱི་ཟླ་༥པའི་ཚེས་༢༡ཉིན་འཚམས་འདྲིའི་གསུང་འཕྲིན་ཞིག་ཕེབས་ཡོད་པའི་ནང་། “བཀུར་འོས་ལེའེ་ཆིང་ཏེ་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་གི་གོ་གནས་བཞེས་པར། སྤྲོ་སེམས་འཁོལ་བའི་འཚམས་འདྲི་རྟེན་འབྲེལ་ཞུ་”ཡི་ཡོད་པ་དང་། “ཐེ་ཝན་གྱི་ནང་དམངས་གཙོའི་གཞི་རྩ་བརྟན་པོ་ཚུགས་པ་མཐོང་ཆོས་སུ་ཡོད་པ་དེ་ཧ་ཅང་ཡག་པོ་”དང་། “ཐེ་ཝན་མི་མང་གིས་དམངས་གཙོའི་ལམ་ལུགས་བརྟན་པོ་དང་གོང་འཕེལ་དུ་བཏང་བ་ཙམ་མ་ཟད། སྟོབས་འབྱོར་རྒྱས་པའི་གྲུབ་འབྲས་ཐོབ་པ་དང་ཆབས་ཅིག་ཏུ། སོ་སོའི་སྲོལ་རྒྱུན་གྱི་རིག་གཞུང་གཏིང་ཟབ་ཡོད་པ་རྣམས་ཀྱང་གཅེས་ཉར་ཐུབ་ཡོད་”ཅེས་དང་།

ཡང་ཁོང་གི་བཀའ་ཡིག་དེར་“ངོས་ནས་ཁྱེད་རང་གིས་འབྱུང་འགྱུར་ཐེ་ཝན་མི་མང་གི་རེ་བ་དང་མངོན་འདོད་སྒྲུབ་པའི་དཀའ་ཉེན་གང་འཕྲད་ལས་ཐར་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་འཐོབ་པའི་སྨོན་ལམ་ཡོད་”ཅེས་ཀྱང་འཁོད་ཡོད་པ་རེད། ཐེ་ཝན་གྱི་སྲིད་འཛིན་ལེའེ་ཆིང་ཏེ་ནི་ཡོངས་གྲགས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་བརྒྱད་པ་དེ་ཡིན་པ་དང་། ཁོང་ནི་ཐེ་ཝན་རང་བཙན་གྱི་ལྟ་བ་ཤུགས་ཆེ་འཛིན་མཁན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་དང་། སྤྱི་ལོ་༡༩༥༨ལོར་ཐེ་ཝན་གྱི་ཐེ་པེ་རུ་བཟོ་བའི་ཁྱིམ་ཚང་ཞིག་ནང་སྐྱེས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་སྐོར་སློབ་སྦྱོང་ཕྱག་ལས་གནང་མཁན་ཞིག་ཡིན་ནའང་། རིམ་པས་སྲིད་དོན་གྱི་ལས་ཀ་བྱས་ནས་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་སོགས་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན། 

དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོན།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎