༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༢༣ ལོའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ Narges Mohammadi ལགས་སུ་འཚམས་འདྲི་གནང་བ།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་Narges Mohammadi ལགས་ལ་སྩལ་གནང་མཛད་པའི་གསུང་འཕྲིན་དེའི་ནང་། དེང་སྐབས་མང་གཙོའི་རིན་ཐང་དང་ཕྱི་གསལ་ནང་གསལ། འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུ་འདྲ་མཉམ་དགོས་པ་བཅས་ནི་འཛམ་གླིང་རྒྱལ་ཡོངས་ཀྱིས་རིན་ཐང་ཞིག་ཏུ་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། དེ་ཡིས་ང་ཚོ་ཚང་མར་ཁེ་ཕན་ཡོད་སྐོར་བཀོད་གནང་མཛད་འདུག་ལ། ད་དུང་༧གོང་ས་མཆོག་གིས་དེ་དག་སྐོར་དེ་སྔོན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨི་རན་ནས་ཡིན་པའི་ལྕམ་Shirin Ebadi ལགས་སོགས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འགའ་ཤས་ཀྱི་ལྷན་དུ་བཀའ་བསྡུར་གནང་མྱོང་ཡོད་སྐོར་ཡང་བཀའ་སྩལ་གནང་མཛད་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧མགོན་པོ་གང་ཉིད་ནས་བེུད་ལ་དབྱེ་འབྱེད་བྱེད་བཞིན་པའི་དཀའ་ངལ་སེལ་ཐབས་དང་སྤྱི་ཚོགས་ནང་ཞི་བདེ་བསྐྲུན་ཐབས་ཆེད་འབད་བརྩོན་གནང་མཁན་ཡོངས་ལ་བསྔགས་བརྗོད་མཛད་ཀྱི་ཡོད་ཅེས་བཀོད་གནང་མཛད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་དུ་ ད་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འདི་ ལྕམ་Narges ནར་གྷིས་ལགས་ལ་ཕུལ་བ་དེ་ནི་བེུད་རྣམས་ཀྱིས་ང་ཚོ་སྐྱེས་པ་ནས་བཟུང་ང་ཚོའི་མི་ཚེའི་ནང་ཉིན་ལྟར་ལས་འགན་ཆེན་པོ་འཁུར་བཞིན་པ་ཁག་ལ་ཡི་རངས་བསྔགས་བརྗོད་་ཞུས་པ་ཞིག་ཡིན་པར་ཐུགས་ཡིད་མཛད་ཀྱི་ཡོད་སྐོར་བཀའ་སྩལ་གནང་མཛད་འདུག
ད་དུང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་Nargis Mohammadi ལགས་ལ་སྩལ་གནང་མཛད་པའི་གསུང་འཕྲིན་འདིའི་ནང་། དེང་སྐབས་འཛམ་གླིང་ནང་འགྱུར་བ་ཞིག་འགྲོ་རྒྱུའི་འདོད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། འགྱུར་བ་དེ་ཡང་འཁྲུག་རྩོད་ཁག་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་དང་། འགྱུར་བ་དེ་དག་གི་གཞི་རྩ་ནི་བྱམས་སྙིང་རྗེ་དང་འགྲོ་བ་མིའི་འགན་འཁྲི་ཡོད་པ་དང་༧མགོན་པོ་གང་ཉིད་ཀྱིས་ཤེས་ཡོན་ཐོག་ནས་འགྲོ་བ་མིའི་རིགས་གཅིག་འགྱུར་ཡིན་པའི་འདུ་ཤེས་ཀྱི་རིན་ཐང་ལ་བརྩི་མཐོང་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་འགྲུབ་རྒྱུ་ཡིན་པར་ཐུགས་ཡིད་མཛད་ཀྱི་ཡོད་སྐོར་བཀའ་སྩལ་གནང་མཛད་པ་མ་ཟད་དེའང་ང་ཚོ་ཚང་མ་གཅིག་ལ་གཅིག་རྟེན་དང་འཛམ་གླིང་མི་མང་ཡོངས་སམ་ང་ཚོའི་ཚང་མའི་བདེ་དོན་ཆེད་ཡིན་པ་བཀའ་སྩལ་འདུག
ཟླ་བ་འདིའི་ཚེས་༦ཉིན་ནོར་ཝེའི་ནོ་སྦེལ་གཟེངས་རྟགས་དཔྱད་འདེམས་ཚོགས་ཆུང་གིས། ཕྱི་ལོ་༢༠༢༣ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ད་ལྟ་ཨེ་རན་(Iran)་གྱིས་བཙོན་དུ་ལོ་༡༢ཡི་ཁྲིམས་ཆད་འཁུར་བཞིན་པའི་བུད་མེད་ཐོབ་ཐང་རྩོད་ལེན་པ་དང་། གསར་འགོད་པ་ལྕམ་ནར་གྷེ་སི་མོའོ་ཧམ་མེ་ཌིས་(Narges Mohammadi)་ལགས་སུ་ཕུལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།