༧གོང་ས་མཆོག་ནས་ཝར་ཎའི་ཆོས་འབྲེལ་མཇུག་བསྒྲིལ།

༸གོང་ས་མཆོག་གིས་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྩལ་བའི་ཉིན་བཞིའི་རིང་གི་ཆོས་འབྲེལ་མཇུག་བསྒྲིལ་དང་བསྟུན། སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་འདུག

2013.01.10

༄༅། ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཝ་ར་ཎ་སིར་སྩལ་བཞིན་པའི་དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་བཀའ་སློབ་གནང་སྐབས།    སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་པ་དང་། དེ་ལྟ་བུའི་ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་།    མི་ཉམས་གོང་འཕེལ་ཐབས་གང་གི་བྱེད་དགོས་ཟེར་ན། བཤད་པ་དང་སྒྲུབ་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས། དགོན་པ་དང་ལྷ་སྐུ་ཆེན་པོ་བཞེངས་པས་རྩ་བའི་བསོད་ནམས་ཅུང་གསོག་གི་ཡོད་ཀྱང་བསྟན་པ་ཉམས་པ་སོར་ཆུད།    མི་ཉམས་གོང་འཕེལ་གྱི་བསྟན་པའི་ཞབས་འདེགས་སྒྲུབ་ཟེར་བ་ནོར་འཁྲུལ་ཡིན། དགོན་པ་གཙུག་ལག་ཁང་དེ་ཚོའི་ནང་སངས་རྒྱས་ཀྱི་ཆོས་བཀའ་འགྱུར་དང་བསྟན་འགྱུར་དེ་དག་འཆད་ཉན་གྱི་སློབ་སྦྱོང་བྱེད་མཁན་དགོས་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་བཀའ་སློབ་ཕེབས་རྗེས་ཆོས་ཞུ་བ་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་སྡོམ་པ་འབོག་འཇོགས་དང་།    དད་ལྡན་ཆོས་ཞུ་བ་ཡོངས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་དབང་ཆེན་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་རེད།    ཕྱོགས་མཚུངས་ཆོས་འབྲེལ་གོ་སྒྲིག་ཚོགས་ནས་ཆོས་ཞུ་བ་ཡོངས་ཀྱི་ཚབ་ཞུས་ཏེ།    བཀའ་དྲིན་གཏང་རག་གི་གི་ཚུལ་དུ་བརྟན་བཞུགས་འདེགས་འབུལ་ཞུས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎