དཀའ་ངལ་ཉུང་དུ་གཏོང་དགོས་ན་བཟང་སྤྱོད་ངེས་པར་དུ་དགོས།


2015.06.10
༧གོང་ས་མཆོག་གིས་ཨོ་སི་ཌོ་ལི་ཡར་མཛད་འཕྲིན་སྐྱོང་སྐབས། ༢༠༡༥།༦།༨ ༧གོང་ས་མཆོག་གིས་ཨོ་སི་ཌོ་ལི་ཡར་མཛད་འཕྲིན་སྐྱོང་སྐབས། ༢༠༡༥།༦།༨
ར་ལོ་དོན་ལྡན། RFA

༧གོང་ས་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་གནང་བ་དང་བདེ་བ་དང་བདེ་བའི་རྒྱུ་ཞེས་བའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ།
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཌོ་ལི་ཡའི་Leara Blue Mountainsཞེས་པའི་ས་ཁུལ་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང་གསང་བ་འདུས་པ་སོགས་ཉིན་ལྔའི་ཆོས་འབྲེལ་ཁག་ཁ་ས་ལེགས་པར་གྲུབ་ཡོད་པ་དང་། ཉིན་གུང་གསོལ་ཚིགས་བར་སེང་སྐབས་ཨོ་སི་ཌོ་ལི་ཡའི་Sydney Morning Heraldཞེས་པའི་གསར་ཤོག་གི་གསར་འགོད་པ་Eryk Bagshawལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཟང་སྤྱོད་ཀྱི་ཤེས་ཡོན་སྐོར་བཀའ་འདྲི་འཁྱུག་ཙམ་ཞུས་འདུག གསར་འགོད་པ་Bagshawལགས་ཀྱིས། སྒྲིག་འཛུགས་ཡོད་པའི་ཆོས་ལུགས་ཁག་གིས་ཆོས་ལུགས་རིས་མེད་འཛིན་པའི་ལྟ་བ་ལ་ཞེད་སྣང་བྱེད་དགོས་ཡོད་མེད་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེ་ནི་ཁྱེད་རང་གིས་ཆོས་ལུགས་རིས་མེད་ཞེས་པའི་གོ་དོན་འགྲེལ་བཤད་རྒྱབ་སྟངས་ལ་རག་ལུས་ཀྱི་རེད་ཅེས་བཀའ་ལན་གནང་འདུག ཡང་ཁོང་གིས་ང་ལ་ནུབ་ཕྱོགས་པའི་གྲོགས་པོ་ཞིག་ཡོད་པ་ཁོང་གིས་ཆོས་ལུགས་རིས་མེད་ཅེས་པ་དེ་ཆོས་ཁས་མི་ལེན་མཁན་ཡིན་པའི་བློ་འཚབ་བྱེད་ཀྱི་འདུག་ལ་ཁོང་ཚོས་ཆོས་ལུགས་རིས་མེད་ཅེས་པ་དེ་དཀོན་མཆོག་མེད་པར་འདོད་པའི་ལྟ་བ་དང་གཅིག་མཚུངས་ཡིན་པའི་ཞེད་སྣང་བྱེད་ཀྱི་འདུག་ཞེས་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་ཉིད་ཀྱིས་ཆོས་ལུགས་རིས་མེད་ཅེས་པ་དེ་རྒྱ་གར་གྱིས་ལྟ་གྲུབ་ཐོག་ནས་གསུངས་ཀྱི་ཡོད་པ་དང་། རྒྱ་གར་ནང་རྒྱལ་སྤྱིའི་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་གནས་ཐོག་འཕེལ་རྒྱས་འགྲོ་བཞིན་ཡིན་པ་དང་། རྒྱ་གར་གཞུང་གིས་ཆོས་ལུགས་རིས་མེད་ཅེས་པ་ནི་ཆོས་ལུགས་ཚང་མར་གུས་བཀུར་ཞུ་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མཐའ་ན་ཆོས་ཁས་མི་ལེན་མཁན་ཚོའི་ལྟ་བ་ལའང་གུས་བཀུར་བྱེད་ཀྱི་ཡོད་པ་རེད་ཅེས་དང་ཡང་བཟང་སྤྱོད་དེ་གལ་ཆེ་ཆུང་གང་འདྲ་ཡིན་མིན་དང་། དགོས་གལ་ཡོད་མེད་བཀའ་འདྲི་ཞུས་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་དང་། ལྐོག་ཟ་རུལ་སུངས། དབུལ་ཕྱུག་མི་སྙོམས་པ་མཉའ་གནོན་བཤུ་གཞོག་སོགས་མིས་བཟོས་པའི་དཀའ་ངལ་དེ་ཚོ་ཉུང་དུ་གཏོང་དགོས་ན། བཟང་སྤྱོད་ངེས་པར་དུ་དགོས་པ་རེད་ཅེས་བཀའ་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།
གཞན་༧གོང་ས་མཆོག་གིས་ས་གནས་ཀྱི་མཛད་འཆར་ཉིན་མཐའ་མའི་ཉིན་བདེ་བ་དང་བདེ་བའི་རྒྱུ་ཞེས་བའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ་འདི་གའི་ཆེད་མངགས་གསར་འགོད་པ་ནོར་བུ་དགྲ་འདུལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎