འཁྲུངས་སྐར་དུས་ཆེན་གྱི་སྔ་ནུབ་ནས་ལྷ་སའི་ཁུལ་དུ་དམ་དྲག་ཆེ་རུ་བཏང་འདུག


2020.07.07
ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ། ༢༠༢༠།༧།༣ ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ། ༢༠༢༠།༧།༣
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྔ་ནུབ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམ་དྲག་ཆེ་རུ་བཏང་ཡོད་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་མ་ཚེས་བའི་ཉིན་མ་འགའ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་བོད་ནས་བེུད་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གསལ་བཤད་གནང་ཡོད་པ་རེད། ཁོང་གི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འདོན་ཞུས་མེད།
གནས་ཚུལ་མཁོ་སྤྲོད་པ་དེས་འགྲེལ་བརྗོད་གནང་པར་གཞིགས་ན། རྣམ་ཀུན་དང་མི་འདྲ་བར་ཐོབ་ཐང་ལག་འཁྱེར་འཕྲུལ་འཁོར་ཞིག་གི་ཐོག་གཏོང་དགོས་པ་སོགས། ཉིན་ཤས་སྔོན་ནས་ཐོབ་ཐང་ལག་འཁྱེར་ལ་ཞིབ་གཤེར་ནན་པོ་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་པ་ཡང་རྣམ་ཀུན་ལས་མང་བ་འགྲེམ་འཇོག་བྱས་ཡོད་འདུག
ཡང་བོད་མི་གཞན་ཞིག་གིས་བརྗོད་ན། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཆང་རག་དང་ཤོ་སྦག་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་ལ་དམ་དྲག་དེ་ཙམ་མེད་པར་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱ་བར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྣམ་ཀུན་ཡིན་ན་ལྷ་ས་བ་ཚོ་རྫོང་རྒྱབ་ཀླུ་ཁང་དུ་ཞབས་བྲོ་འཁྲབ་པར་འགྲོ་རྒྱུར་དགའ་པོ་ཡོད་ན་ཡང་ད་ཆ་དེ་ཡང་མི་ཆོག་པ་བཟོས་ཡོད་པ་བརྗོད་ཡོད་པ་རེད།
ཡང་གནས་ཚུལ་མཁོ་སྤྲོད་པ་བེུད་དེས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་ཉིན་སེ་ར་དང་འབྲས་སྤུངས་སུ་གནས་མཇལ་དུ་བསྐྱོད་པའི་རྗེས་གནས་ཆུང་དུ་བསང་གསོལ་ཆེད་ཕེབས་སྐབས་གནས་ཆུང་གི་དགོན་པའི་ཕྱི་རོལ་དུ་ཡོད་པའི་གསང་སྦུག་ཡང་འདམ་གྱིས་བཀག་སྟེ་གསོལ་བསང་ཕུལ་ས་མེད་པ་བཟོས་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད་ལ། ད་དུང་ཁོང་གིས་ཁོང་གི་ངོ་ཤེས་འགའ་ཤས་གྲྭ་བཞི་ལྷ་མོར་སྐུ་བསང་ཕུལ་བར་འགྲོ་སྐབས་དེ་ཁུལ་གྱི་བསང་སྦུག་དེ་དག་ཀྱང་བཀག་ཡོད་པ་འགྲེལ་བརྗོད་བྱུང་ལུགས་གསུངས་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་དེས། དམ་དྲག་དེ་རིགས་དེ་སྔོན་མཐོང་མྱོང་མེད་ཅེས་དང་། བོད་མི་ཚོ་འཇིགས་སྣང་དང་དངངས་སྐྲག བློ་ཕམ་གྱི་ངང་རྟག་ཏུ་གནས་མུས་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎