ཨ་མི་རི་ཀའི་གཞུང་དམངས་གཉིས་ཀྱི་ཚབ་བྱས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི།


2020.07.06
རྒྱ་གར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་(Kenneth Juster)་ལགས་ཀྱི་(twitter)་དྲ་ངོས། ༢༠༢༠།༧།༦ རྒྱ་གར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་(Kenneth Juster)་ལགས་ཀྱི་(twitter)་དྲ་ངོས། ༢༠༢༠།༧།༦
དྲ་བཤུས།KJ

རྒྱ་གར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོས་ཨ་མི་རི་ཀའི་གཞུང་དམངས་གཉིས་ཀྱི་ཚབ་བྱས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་བོད་མིའི་རང་དབང་དང་འཛམ་གླིང་ཞི་བདེའི་ཆེད་མཛད་འཕྲིན་སྐྱོང་མུས་ལ་ལེགས་བསུ་ཞུས་འདུག
དེ་ཡང་རྒྱ་གར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་(Kenneth Juster)་ལགས་ཀྱིས་ཨ་མི་རི་ཀ་གཞུང་དམངས་གཉིས་ཀྱི་ཚབ་བྱས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འཚམས་འདྲི་ཞུས་པའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་བྱུང་བ་དང་། འདི་ལོའི་༧སྐུའི་འཁྲུངས་སྐར་མཛད་སྒོའི་མགྲོན་གྱི་གཙོ་བོར་མགྲོན་འབོད་གནང་བར་དམིགས་བསལ་ཆེ་མཐོང་དུ་ངོས་འཛིན་ཞུ་གི་ཡོད་པ་གསུངས་ཤིང་། དེ་སྔ་ཨ་རིའི་སྲིད་འཛིན་(Franklin Roosevelt)་ལགས་ཀྱིས་༧སྐུ་ཉིད་ལ་ཕྱག་རྟགས་ཆུ་ཚོད་གཅིག་བསྐུར་གནང་མཛད་པ་ནས་བཟུང་། ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཀས་༧སྐུ་ཉིད་ཀྱིས་བོད་མིའི་རང་དབང་དང་།  བོད་ཀྱི་རིག་གཞུང་སྲུང་སྐྱོབ་གཅེས་སྐྱོང་མཛད་པ། འཛམ་གླིང་ནང་རྒོལ་འཛིང་དང་འཁྲུག་རྩོད་ཀྱི་རང་བཞིན་ཁག་ཞི་ཐབས་སུ་སྐུ་ལས་ཚད་མེད་བསྐྱོན་པར་དགའ་གུས་ཆེན་པོ་ཞུ་བཞིན་ཡོད། མ་ཟད་ཨ་མི་རི་ཀས་༧གང་ཉིད་ལ་ཆེ་མཐོང་ཤིན་ཏུ་ཆེན་པོ་འབུལ་བཞིན་པ་འདི་ནི་ཨ་མི་རི་ཀའི་མི་དམངས་དང་བོད་མིའི་བར་དགའ་གུས་གཏིང་ཟབ་ཡོད་པའི་མཚོན་རྟགས་མངོན་པ་ཞིག་ཀྱང་ཡིན་པ་དྲ་ལམ་བརྙན་འཕྲིན་བརྒྱུད་འཚམས་འདྲི་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎