དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེ་དང་བཟོད་བསྲན་གལ་ཆེན་ཡིན།


2017.11.22
༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁྲི་ཚོ་ཁ་ཤས་ལ་བཀའ་སློབ་གནང་སྐབས། ༢༠༡༧།༡༡།༢༡ ༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁྲི་ཚོ་ཁ་ཤས་ལ་བཀའ་སློབ་གནང་སྐབས། ༢༠༡༧།༡༡།༢༡
OHHDL

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བྱམས་བརྩེ་དང་བཟོད་བསྲན་སོགས་གོང་མཐོར་ཇི་ལྟར་གཏོང་དགོས་མིན་གྱི་སློབ་གསོ་དེ་དག་ཚུད་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སྩལ་འདུག
དེ་ཡང་(Times of India)་ཞེས་པའི་རྒྱ་གར་གྱི་གསར་ཤོག་གིས། སྤྱི་ཚེས་༢༢་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གིས་རེས་གཟའ་མིག་དམར་ཉིན་རྒྱ་གར་ཨོ་ཊི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་Kalinga སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་ཐེངས་༡༠་དགྱེས་བཞེས་མཛད་རྗེས་བསྟི་གནས་ཁང་དེའི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་གྲངས་༢༧༠༠༠་ཙམ་ལ་བླང་དོར་བཀའ་སློབ་སྩལ་སྐབས། ཤེས་ཡོན་བསྟི་གནས་ཁང་ཁག་གིས་དེང་དུས་ཤེས་ཡོན་སློབ་གསོའི་ནང་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་ཚུད་ཐབས་བྱ་དགོས་ཞེས་གསུངས་འདུག་པ་དང་། དེ་བཞིན་༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་དུས་རབས་༢༡་དེ་བཞིན་བྱམས་བརྩེ་དང་ཞི་བདེ་ཅན་གྱི་འཛམ་གླིང་གསར་པ་ཞིག་བསྐྲུན་ཐབས་བྱེད་དགོས་ཞེས་འབོད་སྐུལ་གནང་འདུག
ཡང་༧གོང་ས་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ལ་དམིགས་པ་ཞིག་ཡིན་སྟབས་འདང་ངེས་ཤིག་མེད་པ་དང་། ང་ཚོ་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་འོག་འཚར་ལོངས་བྱུང་དུས་དབང་ཆ་དང་དངུལ་དངོས་ཀྱི་་རྗེས་འདེད་ནས་འགྲོ་བཞིན་ཡོད་པས་དེ་ལྟར་མ་འགྲོ་བའི་ཆེད་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་སློབ་གསོ་འཇོག་རྒྱུ་གལ་ཆེ་ཆགས་ཡོད་པ་རེད་བཀའ་སྩལ་གནང་འདུག
དེ་བཞིན་སློབ་གྲྭ་ཆེ་ཁག་གི་ནང་ཚན་རིག་པས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོའི་སྐོར་ཞིབ་འཇུག་བྱས་པ་བརྒྱུད་ནས་ནང་གི་ཞི་བདེ་ཡོང་ཐབས་ལ་ཕན་ཐོགས་ཡོད་པའི་ཤེས་རྟོགས་ཐུབ་ཡོད་པ་དང་། ལོ་རྗེས་མར་ཆོས་ལུགས་ལ་མ་འབྲེལ་པའི་བཟང་སྤྱོད་ཀྱི་སློབ་གསོ་འཁྲིད་ཐབས་སྐོར་ཀྱི་ཟིན་ཐོ་འདྲ་པོ་ཞིག་བཟོས་ནས་རིམ་བཞིན་ཁྱོད་ཚོའི་ལྟེ་གནས་ཁང་གིས་དེའི་སྐོར་ཚོད་ལྟ་འདྲ་པོ་ཞིག་བཟོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག
དེ་བཞིན་༧གོང་ས་མཆོག་གིས་རྒྱ་ནག་སྲིད་གཞུང་ལ་དྲ་རྒྱ་དམ་དྲག་སྐོར་ལ་སྐྱོན་བརྗོད་གནང་འདུག་པ་དང་། གནས་ཚུལ་དམ་དྲག་བྱེད་བཞིན་པའི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་མདུན་ལམ་ཡོད་པ་མ་རེད་ཅེས་གསུངས་ཡོད་པ་རྒྱ་གར་གྱི་Indian Express གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་ཌི་ཤ་མངའ་སྡེའི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་དེ་རིང་ཕྱི་ཚེས་༢༢་ཉིན་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཌར་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་ས་གནས་བོད་རིགས་དང་རྒྱ་གར་བའི་ཡུལ་མི་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ཕྱི་ཚེས་༢༣ཉིན་༧གོང་ས་མཆོག་གིས་རྒྱ་གར་བའི་ཚོང་ལས་ཚོགས་པ་Indian Chamber of Commerce་ཞེས་པའི་ཚོགས་མི་རྣམས་ལ་རྒྱ་གར་གནའ་རབས་ཀྱི་རིག་གནས་སླར་གསོའི་སྐོར་བཀའ་སློབ་སྩལ་རྒྱུའི་མཛད་འཆར་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎