༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་ལྷན་བཞུགས་གནང་རྒྱུ།


2015.01.29
ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས། ༢༠༡༤།༢།༢༡ ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས། ༢༠༡༤།༢།༢༡
པར། ཕོ་བྲང་དཀར་པོ།

༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཐེངས་དང་པོར་ཨ་རིའི་རྒྱལ་སར་མང་ཚོགས་ཁྲོད་ལྷན་བཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་Timeགསར་ལམ་གྱིས་ཚེས༢༩ཉིན་སྤེལ་བའི་གནས་ཚུལ་ནང་། མི་རིང་བའི་ཕྱི་ཟླ་༢ཚེས་༥ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཕེབས་སའི་ ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་གསོལ་འདེབས་ལྷན་ཚོགས་སུ་ཨ་རིའི་རྒྱལ་སར་ལྷན་བཞུགས་གནང་རྒྱུ་ཡིན་སྐོར་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་Pennsylvaniaམངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་Bob Caseyཡི་གསར་འགོད་འབྲེལ་མཐུད་པས་གསུང་ཡོད་པ་དང། གོང་ཞུས་གསར་འགོད་འབྲེལ་མཐུད་པས། Timeགསར་ལམ་ལ་མྱུར་འཕྲིན་བཏང་གནང་བའི་ནང་། ཏཱ་ལའི་བླ་མ་མཆོག་ལྷན་འཛོམས་ཐོག་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་ནའང་ལྷན་ཚོགས་ཐོག་གསུང་བཤད་གནང་རྒྱུའི་མཛད་འཆར་མེད་སྐོར་བྲིས་གནང་འདུག ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ་ནས་གནས་ཚུལ་དེའི་སྐོར་འགྲེལ་བརྗོད་གང་ཡང་གནང་མི་འདུག
རྒྱ་ནག་གི་འགྲོ་ཁྲིད་ཚོས་དགག་བྱ་བྱེད་མིན་ལ་མ་ལྟོས་པར། ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དེ་སྔོན་ཐེངས་གསུམ་ཙམ་མཇལ་མྱོང་ཡོད་ཀྱང་། ཕོ་བྲང་དཀར་པོའི་ནང་དབུ་ཁྲིད་རྣམ་གཉིས་དབར་མཇལ་འཕྲད་གནང་སྐབས་གསར་འགོད་པ་ཚོར་བཅར་རྒྱུའི་གོ་སྐབས་གནང་མེད་པ་རེད།
ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་གསོལ་འདེབས་ལྷན་ཚོགས་དེ་བཞིན་ལོ་ལྟར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཁུལ་གྱི་Hiltonགསོལ་མགྲོན་ཁང་དུ་གནང་སྲོལ་ཡོད་པ་དང། ལོ་རྒྱུས་ཐོག་ནས་ལྷན་ཚོགས་དེ་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་གྲོས་ཚོགས་འཐུས་མིས་འདུ་སྐོང་གནང་གི་ཡོད་པའི་ཐོག་ཡེ་ཤུ་གཙོ་བོར་གྱུར་བའི་ཆོས་ལུགས་གཞན་པའི་སྐུ་ཚབ་མང་པོ་ཕེབས་ཀྱི་ཡོད་པ་མ་ཟད། ཨ་མི་རི་ཀའི་སྲིད་འཛིན་དང་ལྕམ་རྣམ་པ་ཡུན་རིང་ནས་ལྷན་ཚོགས་དེའི་སར་ཕེབས་ནས་གསུང་བཤད་གནང་སྲོལ་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎