༧གོང་ས་མཆོག་ཨ་རི་ནས་སུད་སི་ལ་ཞབས་སོར་བདེ་འཁོད་གནང་བ།


2015.02.06
༧གོང་ས་མཆོག་ཨ་རི་ནས་སུད་སི་ལ་ཞབས་སོར་བདེ་འཁོད་གནང་སྐབས། ༢༠༡༥།༢།༦ ༧གོང་ས་མཆོག་ཨ་རི་ནས་སུད་སི་ལ་ཞབས་སོར་བདེ་འཁོད་གནང་སྐབས། ༢༠༡༥།༢།༦
tibet.net

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་དྲུག་གི་སྔ་དྲོ་སུད་སི་གྲོང་ཁྱེར་Baselདུ་༧ཞབས་སོར་འཁོད་གནང་མཛད་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་Zurichགནམ་ཐང་དུ་ཕེབས་འབྱོར་གནང་སྐབས། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་། སུད་སི་དང་Liechtensteinས་གནས་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱི་སྐུ་ཚབ་རྣམས་གནམ་ཐང་དུ་བཅར་ནས་ཕེབས་བསུ་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་བཞག་གནང་སའི་མགྲོན་ཁང་གི་མདུན་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ལྔ་བརྒྱ་ལྷག་ཙམ་གྱིས་བོད་ལུགས་ཀྱི་རྣམ་པའི་ཐོག་ནས་ཕེབས་བསུ་ཟབ་རྒྱས་ཞུས་གནང་འདུག
སུད་སི་དང་Liechtensteinས་གནས་བོད་མི་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སི་ནང་བཞུགས་བཞག་གཉིས་རིང་། ཕྱི་ཚེས་༧ཉིན་དང་ཕྱི་ཚེས་༨ཉིན་གྱི་སྔ་དྲོའི་ཉིན་ཕྱེད་རིང་ས་གནས་བོད་མི་དང་། ནང་པའི་དད་ལྡན་པ་ཚོར་དགེ་བཤེས་གླང་རི་དམ་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་སོགས་གསུང་ཆོས་སྩལ་གནང་མཛད་རྒྱུ་དང་། དེ་བཞིན་ཕྱི་ཚེས་༨ཀྱི་ཕྱེད་ཡོལ་ལ་སུད་སི་ས་གནས་བོད་མི་ཚོས་གོ་བསྒྲིགས་གནང་སྟེ་དམངས་ཁྲོད་དུ་དེང་སྐབས་འཛམ་གླིང་ནང་གི་འཇིག་རྟེན་ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ནས་བཀའ་སློབ་སྩལ་གནང་མཛད་པའི་རྗེས་ཕྱི་ཚེས་༩ཉིན་སུད་སི་ནས་ཆིབས་ཞལ་བསྒྱུར་གནང་མཛད་ཏེ་ཡོ་རོབ་ཀྱི་རྒྱལ་ཁབ་ནོར་ཝེ་དུ་༧ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎