༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

2023.04.22
༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། ༸གོང་ས་མཆོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་གྷ་གྷལ་གནམ་ཐང་སུ་༸ཞབས་སོར་འཁོད་པའི་སྐབས། ༢༠༢༣།༠༤།༢༢ ཉིན།
RFA

འདི་ཚེས་ ༢༢ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨།༣༠ ཡོལ་ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཅིང་། བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་གྷ་གྷལ་གནམ་ཐང་ནས་༸རྒྱལ་བའི་ཕོ་བྲང་བར་དད་ལྡན་པ་རྣམས་ཀྱིས་ལག་ཏུ་གདུག་སྤོས་དང་མཇལ་དར། མེ་ཏོག་དང་མཆོད་རྫས་སོགས་བསྣམས་ཏེ་མགོན་པོ་གང་ཉིད་མཆོག་ཕེབས་བསུ་གཟབ་རྒྱས་ཞུས་གནང་སོང་།

འདི་ག་རླུང་འཕྲིན་ཁང་གིས་བོད་མི་ཁག་གཅིག་ལ་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བའི་མྱོང་ཚོར་བཅར་འདྲི་ཞུ་སྐབས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་དེ་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་གར་རྒྱལ་ས་ལྡི་ལིར་མཐོ་སློབ་འགྲིམས་བཞིན་པའི་སློབ་མ་བསྟན་འཛིན་ཆོས་མཚོ་ལགས་ཀྱིས། ཁོ་མོ་ལྡི་ལིའི་ནང་མཐོ་སློབ་འགྲིམས་བཞིན་ཡོད་སྟབས་༸གོང་ས་མཆོག་མཇལ་རྒྱུ་ཏོག་ཙམ་དཀོན་ན་ཡང་། ད་རེས་མགོན་པོ་གང་ཉིད་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་སྤོབས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཆིབས་སྒྱུར་མཛད་དོན་ནི། ཉེ་ཆར་མཇུག་སྒྲིལ་ཟིན་པའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་མགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་མཛད་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།  
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎