༧གོང་ས་མཆོག་དང་ཀརྨ་པ་རྣམ་གཉིས་ཀྱི་སྐུ་ཕྱྭའི་ཉེན་སྲུང་།
2015.02.13
༧གོང་ས་མཆོག་དང་ཀརྨ་པ་རྣམ་གཉིས་ཀྱི་སྐུ་ཕྱྭའི་ཉེན་སྲུང་གི་འགྲོ་གྲོན་རྒྱ་གར་དབུས་གཞུང་ནས་གཏོང་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་ཉིན་ཤས་གོང་ལྡི་ལིའི་ནང་རྒྱ་གར་གྱི་མངའ་སྡེ་ཁག་གི་སྲིད་སྐྱོང་གི་ལྷན་ཚོགས་ཤིག་ཐོག ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་Kalyan Singhམཆོག་གིས་མངའ་སྡེའི་ནང་བཅའ་བཞུགས་གནང་མཁན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱལ་བ་ཀརྨ་པ་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་ཕྱྭའི་ཉེན་སྲུང་གི་འགྲོ་གྲོན་དབུས་གཞུང་ནས་གཏོང་གནང་བ་ཡིན་ན་མངའ་སྡེའི་གཞུང་ནས་ད་ལྟའི་འགྲོ་སོང་དེ་དག་མངའ་སྡེའི་ནང་གི་ཉེན་རྟོག་མི་སྣའི་ལས་དོན་ཚགས་ཚུད་དུ་གཏོང་རྒྱུའི་ནུས་ཤུགས་བཏོན་ཐུབ་པ་ཡོང་རྒྱུ་ཡིན་ལུགས་ཞུས་ཡོད་འདུག དེ་དང་ཕྱོགས་མཚུངས་ཧི་མ་ཅལ་མངའ་སྡེ་དང་། ལ་དྭགས་སླེ་གཉིས་དབར་རི་ལིའི་ལྕག་ལམ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གཅིག་ནི་རྒྱ་ནག་དང་ས་འབྲེལ་འཁེལ་གྱི་ཡོད་པ་དང་། དེ་བཞིན་འཇའ་མུ་ཀ་ཤི་མིར་མངའ་སྡེའི་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་བཅས་ཀྱི་ཐོག་ནས་ཀྱང་ཧི་མ་ཅལ་མངའ་སྡེར་སྲུང་སྐྱོབ་དང་། ཡུལ་སྐོར་སྤྲོ་འཆམ་གྱི་ཡོངས་ཁུངས་། དེ་དང་ཕྱོགས་མཚུངས་རང་འབྱུང་གནོད་ཚེ་བཅས་ཕྱོགས་གང་ས་ནས་གནོད་སྐྱོན་ཕོག་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ཉེ་བའི་ལོ་ཤས་གོང་ཧི་མ་ཅལ་མངའ་སྡེའི་སིམ་ལ་ཕུ་ནས་བོད་ཀྱི་ཕྱོགས་ནས་གངས་རུད་དང་ཆར་ཆུ་ཆེ་རུ་ཕྱིན་པ་སོགས་ཀྱི་ཆུ་ལོག་གི་ཉེན་ཁ་ཆེན་པོ་བྱུང་ཡོད་སྟབས་མི་རྒྱུ་གཉིས་ཀར་དོ་ཕོག་ཐེབས་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།