༧གོང་ས་མཆོག་ཡོ་རོབ་ནས་བཞུགས་སྒར་དུ་ཞབས་སོར་འཁོད་གནང་འདུག


2018.09.26
༧གོང་ས་མཆོག་ཡོ་རོབ་ནས་བཞུགས་སྒར་དུ་ཞབས་སོར་འཁོད་གནང་སྐབས། ༢༠༡༨།༩།༢༦ ༧གོང་ས་མཆོག་ཡོ་རོབ་ནས་བཞུགས་སྒར་དུ་ཞབས་སོར་འཁོད་གནང་སྐབས། ༢༠༡༨།༩།༢༦
RFA

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་།
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་གཉིས་ལྷག་རིང་། ཡོ་རོབ་ཀྱི་སུ་ཝེ་ཊན་དང་། ནེ་སྡེར་ལན་ཊི། འཇར་མན། སུད་སི་བཅས་ཀྱི་ནང་ཆིབས་བསྒྱུར་གནང་སྟེ། གསུང་ཆོས་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས། སྤྱི་ཟླ་༩པའི་ཚེས་༢༦་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད། བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་། སྐབས་དེར་བཞུགས་སྒར་གྱི་ཉེ་མཁྲིས་གྷ་གལ་གནམ་ཐང་དུ། ༧གོང་ས་མཆོག་གིས་གསར་འགོད་པ་ཚོར། ད་ཆ་ཁོང་དགུང་ལོ་མཐོན་པོར་ཕེབས་ཡོད་པས། སྐུ་ངལ་མང་ཙམ་གསོ་བའི་དུས་སུ་བབ་ཡོད་ཅེས་བཀའ་གནང་ཡོད་ཅིང་། ༧གོང་ས་མཆོག་ཕེབས་བསུ་ཞུ་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་སོགས་བཅར་འདུག
༧གོང་ས་མཆོག་ནས་སྤྱི་ཟླ་༡༠པའི་ཚེས་༣ནས་༦བར་བཞུགས་སྒར་དུ་དབུ་མ་འཇུག་པའི་གསུང་ཆོས་གནང་གཏན་འཁེལ་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎