༧གོང་ས་མཆོག་གིས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་སྩལ་འདུག


2018.09.06
༧གོང་ས་མཆོག་གཙུག་ལག་ཁང་དུ་ཕེབས་བཞིན་པ། ༢༠༡༨།༩།༦ ༧གོང་ས་མཆོག་གཙུག་ལག་ཁང་དུ་ཕེབས་བཞིན་པ། ༢༠༡༨།༩།༦
OHHDL

༧གོང་ས་མཆོག་གིས་ཕྱི་ནང་གི་མི་མང་ལྔ་སྟོང་བརྒལ་བར་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་སྩལ་འདུག
དེ་ཡང་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤེ་ཡའི་ཡུལ་ཁག་གི་ཆོས་ཞུ་བ་དང་ལྷོ་བྱང་ཨ་མི་རི་ཀ། ཨུ་རུ་སུ་དང་རྒྱ་སོག་བོད་དང་བཅས་པའི་སེར་སྐྱ་ལྔ་སྟོང་བརྒལ་བར། བུདྔྷ་པ་ལི་ཏའི་གསུང་ཆོས་ཉི་མ་གསུམ་པ་སྟེ། སྤྱི་ཟླ་༩པའི་ཚེས་༦ཉིན་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་སྩལ་སོང་ལ། ཐོག་མར་༧གོང་ས་མཆོག་གིས་གསང་སྔགས་རྒྱུད་སྡེ་བཞི་ལས་བྱ་རྒྱུད་དང་འབྲེལ་བའི་ལྷ་སྒོམ་སྟངས་དང་། རང་དོན་ཆོས་སྐུ་དམ་པ་དང་གཞན་དོན་གཟུགས་སྐུ་དམ་པ་སྒྲུབ་སྟངས། དེ་ལ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྒོམ་སྟངས་བཅས་རིམ་ཅན་དུ་གསུངས་པ་དང་བསྟུན། ཐེག་པ་ཆེན་པོའམ་ལེགས་སྦྱར་གྱི་ཆོས་རྒྱུད་སངས་རྒྱས་ཀྱི་བཀའ་མ་རེད་ཅེས། ནང་པ་ནང་ཚགས་ཀྱི་ནང་དེ་སྔ་ནས་གསུང་མཁན་ཡོད་པས། རིན་ཆེན་ཕྲེང་བ་དང་མདོ་སྡེ་རྒྱན། སྤྱོད་འཇུག་བཅས་སུ་ཐེག་ཆེན་བཀར་བསྒྲུབས་གནང་ཡོད་པ་དང་། བདེན་པ་བཞི་ལ་གོ་བ་ཞིབ་ཚགས་ཀྱིས་འགྲེལ་བཤད་བརྒྱབ་དགོས་བྱུང་ན། ལེགས་སྦྱར་གྱི་གཞུང་དེ་ཚོ་ཧ་ཅང་གནད་འགག་ཆེ་བས་ན། ཐེག་ཆེན་བཀར་སྒྲུབ་ཀྱི་རྒྱུ་མཚན་གཙོ་བོ་དེའི་ཐོག་ནས་འགྲོ་དགོས་པ་བཀའ་གནང་ཞིང་། ཡང་གལ་ཏེ་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་པ་ཡོངས་གྲགས་མེད་པ་རྒྱུ་མཚན་དུ་བཀོད་ན།  བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས། ཡོངས་གྲགས་བྱས་ནས་གསུངས་པའི་རིགས་གཅིག་དང་། ཡང་གདུལ་བྱ་ཧྲག་བསྡུས་ལ་གསུངས་པའི་ཆོས་འཁོར་གྱི་ཁྱད་འབྱེད་དགོས་པ་དཔེར་ཆ་བཞག་ན་མདོ་སྡེ་དགོངས་འགྲེལ་གསུང་སའི་ཡུལ་དེ་ ཡུམ་རྒྱས་འབྲིང་བསྡུས་གསུམ་སྒྲ་ཇི་བཞིན་པར་ཁས་མི་ལེན་མཁན་རྣམས་ཡིན་པ་ལྟ་བུ་རེད། གཙོ་བོ་རིགས་པས་གནོད་པ་དང་རྒྱབ་རྟེན་ཡོད་མེད་དེ་གནད་འགག་རེད་ཅེས་བཀའ་སྩལ་འདུག

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎