༧གོང་ས་མཆོག་ལ་དྭགས་ལིང་ཤེད་དང་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་སྐྱོང་འཆར་འདུག

2022.07.21
༧གོང་ས་མཆོག་ལ་དྭགས་ལིང་ཤེད་དང་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་སྐྱོང་འཆར་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༠༦།༠༡།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་སྤྱི་ཟླ་ཕྱི་ཟླ་༨ཚེས་༡ནས་༡༠བར་ལ་དྭགས་ལིང་ཤེད་དགོན་སྐུ་འབུམ་བཀྲ་ཤིས་འོད་འབར་དུ་ཆིབས་བསྒྱུར་བསྐྱངས་ནས། དེར་འཚོགས་གཏན་འཁེལ་བའི་༢༠༢༢ལོའི་ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བསྩལ་རྒྱུ་ཡིན་པ་དང་། དེ་ནས་ཕྱི་ཟླ་༨ཚེས་༡༡ནས་༡༤བར་(Padum)་ས་གནས་གཙོས་པའི་ལ་དྭགས་ཟངས་དཀར་ཁུལ་དུ་ཆིབས་སྒྱུར་གྱིས་ཆོས་འབྲེལ་ཁག་ཅིག་བསྩལ་གཏན་འཁེལ་བ་ཟངས་དཀར་ནང་པའི་ཆོས་ཚོགས་ལྷན་ཁང་དང་ལ་དྭགས་ལིང་ཤེད་དགོན་གཉིས་ཀྱིས་སོ་སོར་གསལ་བསྒྲགས་སྤེལ་འདུག
གཞན་ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ་ཐོུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གླེ་ཞི་བའི་ཚལ་ཕོ་བྲང་གི་ཉེ་འདབས་གསུང་ཆོས་རྭ་བའི་ནང་། འདི་ཟླའི་ཚེས་༢༨དང་༢༩ཉིན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་ལེའུ་དགུ་པ་ཤེས་རབ་ཀྱི་ལེའུའི་ཆོས་འབྲེལ་གསུང་ཆོས་དང་། ཕྱི་ཚེས་༣༠ཉིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་ཆེན་སྩོལ་གནང་མཛད་རྒྱུ་དང་བསྟུན། ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ་ཐུན་མོང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཕྱི་ཟླ་༧ཚེས་༡༥ཉིན་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། དུས་ཡུན་ཇི་ཙམ་རིང་ལ་དྭགས་སུ་བཞུགས་ཤག་མཛད་མིན་ད་ལྟའི་ཆར་ཁ་གསལ་མེད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎