༧གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་བསྡུས་ཀྱི་དཔེ་དེབ་ང་ཚོའི་ཡིད་བཞིན་ནོར་བུ་འདོན་སྤེལ་གནང་འདུག

2022.07.13
༧གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་བསྡུས་ཀྱི་དཔེ་དེབ་ང་ཚོའི་ཡིད་བཞིན་ནོར་བུ་འདོན་སྤེལ་གནང་འདུག ༧གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་བསྡུས་ཀྱི་དཔེ་དེབ་ང་ཚོའི་ཡིད་བཞིན་ནོར་བུ།
མཐུན་འགྱུར་པར་རིས།/RFA

བོད་ཀྱི་དབུ་ཁྲིད༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་མཛད་པ་འཕྲིན་ལས་བསྐྱངས་དང་སྐྱོང་མུས་ཡིན་པ་ལྟར། ད་བར་རྩོམ་པོ་མང་པོ་ཞིག་གིས་༧མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་འབྲེལ་བའི་དཔེ་དེབ་མང་དག་ཅིག་བརྩམས་ཡོད། ཉེ་ལམ་རྩོམ་པ་པོ་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་<<ང་ཚོའི་ཡིད་བཞིན་ནོར་བུ>>(Our Wish-fulfilling Gem)་ཞེས་པའི་དབྱིན་ཡིག་ནང་བྲིས་པའི་དཔེ་དེབ་དེ་བཞིན་འདོན་སྤེལ་གནང་ཡོད་པ་རེད།
དཔེ་དེབ་རྩོམ་པ་པོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་ཀྱི་གསུང་འཕྲིན་ཞིག་སྩལ་པ་དེ་དཔེ་དེབ་ཀྱི་སྔོན་གླེང་ནང་བཀོད་སྤེལ་འདུག་པ་དེའི་ནང་། ད་བར་ངོས་ཀྱིས་བཟང་ཕྱོགས་ཀྱི་འཛམ་གླིང་ཞིག་ཡོང་བར་འབད་པ་ལྷོད་མེད་བྱས་ཡོད་པ་དེ་འགའ་ཤས་ཀྱིས་མཁྱེན་གསལ་རེད། དཔེ་དེབ་དེ་ངོས་དང་བོད་ཀྱི་གནད་དོན་སྐོར་ལ་མཁྱེན་རྟོགས་ཡོད་པའི་སློབ་མ་ཚོར་ཕན་ཐོགས་ཡོང་བའི་རེ་བ་ཡོད་ཅེས་བཀའ་སྩལ་འདུག
རྩོམ་པ་པོ་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་དཔེ་དེབ་འདིའི་ནང་། གཙོ་བོ་སྤྱི་ལོ་༡༩༣༥ ལོའི་ཟླ་༦ཚེས་༧ཉིན་མདོ་སྨད་སྐུ་འབུམ་ཉེ་འཁོར་སྟག་འཚེར་ཞེས་པའི་ཡུལ་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞིཔ་མཆོག་སྐུ་འཁྲུངས་ནས་བཟུང་སྤྱི་ལོ་༢༠༡༠བར་གྱི་མཛད་པ་འཕྲིན་ལས་རྣམས་ཕྱོགས་བསྡུས་གནང་འདུག་ཅིང་། རྩོམ་པ་པོ་ཁོང་གིས། དཔེ་དེབ་དེའི་དམིགས་བསལ་ཁྱད་ཆོས་ཤིག་ནི། ༡༩༦༧ཙམ་ནས་ད་བར་༧གོང་ས་མཆོག་རྒྱལ་ཁབ་ཁག་༦༧ཙམ་ནང་ཆིབས་བསྒྱུར་གྱི་མཛད་འཕྲིན་བསྐྱངས་ཡོད་པ་དེ་དག་ཕྱོགས་བསྡུས་ཀྱིས་ཞིབ་ཕྲ་བཀོད་ཡོད་དེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་ཉེ་ལམ་སྤྱི་ཟླ་༦པའི་ཚེས་༤ཉིན་རྩོམ་པ་པོ་ཁོང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཏེ། ཕྱག་དཔེ་དེ་བཞིན་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་ཡོད་འདུག
གཞན་ཡང་རྩོམ་པ་པོི་ཆོས་འཕེལ་ལགས་ཀྱིས་བརྩམས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་དཔེ་དེབ་དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་གནང་སྟེ། སྤྱི་ཟླ་༦པའི་༡ཉིན་དངོས་སུ་དབུ་འབྱེད་གནང་འདུག་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་དཔེ་མཛོིད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། དཔེ་དེབ་དེའི་ནང་༧གོང་ས་མཆོག་གི་མཛད་རྣམ་ཞིབ་ཕྲ་བཀོད་འདུག་པ་དེས། དཔེ་དེབ་འབྲི་མཁན་རང་ཉིད་༧གོང་ས་མཆོག་དང་ལྷན་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆེད་ཕེབས་གནང་བ་ལྟ་བུ་བྲིས་འདུག་ཅེས་བསྔགས་བརྗོད་གནང་འདུག

choephel.jpeg

རྩོམ་པ་པོ་ཆོས་འཕེལ་ལགས། ལྡི་ལི་གཙུག་ལག་སློབ་ཆེན་ནས་གཙུག་ལག་རམ་འབྱམས་པའི་སློབ་གཉེར་ཐོན་པའི་རྗེས། རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང་བལ་ཡུལ་རྣམ་རྒྱལ་སློབ་གྲྭ་སོགས་སུ་མི་ལོ་༢༤རིང་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎