༧གོང་ས་མཆོག་གིས་སྐུ་བཅར་རྣམ་གྲྭའི་དགེ་བསྐོས་དང་གཞུང་ཆེན་མཚན་ཉིད་མཐར་ཕྱིན་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ།

2022.04.13
༧གོང་ས་མཆོག་གིས་སྐུ་བཅར་རྣམ་གྲྭའི་དགེ་བསྐོས་དང་གཞུང་ཆེན་མཚན་ཉིད་མཐར་ཕྱིན་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ། ༧གོང་ས་མཆོག་གིས་སྐུ་བཅར་རྣམ་གྲྭའི་དགེ་བསྐོས་དང་གཞུང་ཆེན་མཚན་ཉིད་མཐར་ཕྱིན་པ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ༠༤།༡༣།༢༠༢༢
རྣམ་གྲྭ་སློབ་གཉེར་ཁང་།

འདི་ཚེས་༡༣ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་གསར་པ་དང་དགེ་འདུན་པ་བཞི་བཅས་ལ་མཇལ་ཁ་སྩལ་བའི་སྐབས། ཁོང་ཚོས་གཞུང་ཆེན་མཚན་ཉིད་ལ་བསླབ་པ་མཐར་སོན་པ་དེར་བསྔགས་བརྗོད་དང་འབྲེལ་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་མགོན་པོ་གང་ཉིད་ཀྱི་ཉེ་འཁྲིས་སུ་བཞུགས་ནས་གསུང་ཞབས་གནང་པར་ཐུགས་རྗེ་ཆེ་ཞུས་བ་དང་། ༧གོང་ས་མཆོག་གིས་མགོན་པོ་གང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་ཡིན་པ་དང་། མགོན་པོ་གང་ཉིད་དང་འབྲེལ་བ་ཡོད་པ་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་བར་རྗེས་སུ་འཛིན་ངེས་ཡིན་པའི་བཀའ་སློབ་ཕེབས་འདུག
ད་རེས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་གྱི་ཁོངས་སུ་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་གསར་པ་དང་གཞུང་ཆེན་མདོ་སྔགས་ལ་མི་ལོ་༡༥ཡི་བསླབ་པ་མཐར་སོན་པའི་དགེ་འདུན་པ་བཞི་བཅས་ཡོད་པ་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས་ཀྱི་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎