སྨན་རིའི་ཁྲི་འཛིན་༣༤པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་འདུག

2024.02.01
སྨན་རིའི་ཁྲི་འཛིན་༣༤པ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་འདུག སྨན་རི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་གནང་སྐབས། ༠༡།༣༡།༢༠༢༤
གཡུང་དྲུང་བོན་གྱི་དྲྭ་ཚིགས།

ཕྱི་ཟླ་༡ཚེས་༣༡ཉིན་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་༣༤་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གི་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་གི་སྐུ་མདུན་མཇལ་བཅར་ཞུས་ཤིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་རྟེན་གཙོ་བོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་དང་། གསུང་རྟེན་སངས་རྒྱས་ཀྱི་བཀའ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གསུང་པོད་གསུམ་ཅན། ཐུགས་རྟེན་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་མནྜལ་རྟེན་དོད་བཅས་འདེགས་འབུལ་གྱིས་༧གོང་ས་མཆོག་བསྟན་འགྲོའི་མགོན་དུ་༧སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཐུགས་སྨོན་གསོལ་འདེབས་ཞུས་པ་དང་ཆབས་ཅིག ཁོང་ཉིད་སྨན་རི་ཁྲི་འཛིན་གྱི་ཁྲིར་ཕེབས་ནས་ལོ་ངོ་༦རིང་བསྟན་འགྲོའི་དོན་དུ་མཛད་འཕྲིན་བསྐྱངས་པ་གཙོ་བོ་ཁག་འཁོད་པའི་ལས་བསྡོམས་སྙིང་བསྡུས་ཤིག་དང་། མ་འོངས་ཀྱི་གནང་སྒོའི་ལས་འཆར་འགའ་བཅས་སྙན་སྒྲོན་ཞུས་གནང་འདུག

menri Trizin Rinpoche had an audience with his holiness the Dalai Lama  (1).jpg

མཇལ་ཁའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བོན་པོ་རྣམས་ཀྱིས་ད་བར་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་བསྟན་རང་སྐྱོང་གནང་བར་བསྔགས་བརྗོད་མཛད་པ་དང་། དགོན་པའི་ནང་སྔར་བཞིན་གཞུང་ཆེན་ཁག་མུ་མཐུད་གཟིགས་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཕེབས་པར། སྨན་རི་ཁྲི་འཛིན་མཆོག་གིས། གཙོ་བོ མདོ་སྔགས་ཀྱི་གཞུང་ལ་སློབ་ཁྲིད་དང་འཆད་ཉན་སྒོམ་སྒྲུབ་བྱེད་བཞིན་ཡོད་པའི་བཀའ་ལན་ཞུས་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སླད་ནས་གཞུང་ཆེན་ཁག་ལ་ཐོས་བསམ་འཆད་ཉན་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་སྐོར་སོགས་ཐུགས་བརྩེའི་བཀའ་སློབ་བསྩལ་གནང་མཛད་ཡོད་པ་གཡུང་དྲུང་བོན་གྱི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎