༧གོང་ས་མཆོག་དང་ཡེ་ཤུའི་ཆོས་དཔོན་བར་བགྲོ་གླེང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་ཆོས་དཔོན་རྣམ་གཉིས་བར་ཆོས་ཀྱི་ཉམས་ལེན་བྱེད་སྟངས་དང་། སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད་འདུག

2013.01.14

དེ་ཡང་ཕྱི་ཟླ་༡ཚེས་༡༢ཉིན་གྱི་སྔ་དྲོར་ཝ་ར་ཎཱ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབྱིན་ཡུལ་ནས་ཕེབས་པའི་ཡེ་ཤུའི་ཆོས་དཔོན་(Laurence Freeman)རྣམ་གཉིས་ཀྱིས་ནང་པ་དང་། ཡེ་ཤུ་ཆོས་ལུགས་གཉིས་ནས་ཆོས་ཉམས་ལེན་བྱེད་སྟངས་དང་བལྟ་གྲུབ་མཚུངས་ཕྱོགས། དེ་བཞིན་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ཐོག་བཀའ་སློབ་སྩལ་བའི་ནང་དེ་རིང་འདི་གར་དབྱིན་ཡུལ་ནས་ཕེབས་པའི་ཆོས་དཔོན་མཆོག་གིས་དབུས་ཁྱེད་རང་ཚོ་ཚང་མར་ཐོག་མར་ངོས་ཀྱིས་འཚམས་འདྲི་ཡོད། སྤྱིར་བཏང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱིས་འཇིག་རྟེན་གྱི་བྱེད་པ་པོ་དཀོན་མཆོག་ཁས་ལེན་བྱེད་ཀྱི་མེད། ཡི་ཤུ་ཆོས་ལུགས་ཀྱིས་འཇིག་རྟེན་གྱི་བྱེད་པ་པོ་དཀོན་མཆོག་ཁས་ལེན་བྱེད་ཀྱི་ཡོད་རུང་། ཕན་ཚུན་གྱི་ལྟ་གྲུབ་སྐོར་ཤེས་རྟོག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་མ་ཟད། ནང་པའི་ལྟ་གྲུབ་སྒོ་ནས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་རྣམ་ངོ་སྤྲོད་གནང་འདུག
དེ་ནས་ཡི་ཤུ་ཆོས་དཔོན་Laurence Freeman མཆོག་གིས་ ཡི་ཤུའི་ཆོས་ལུགས་སྐོར་གྱི་ལྟ་གྲུབ་དང་ནང་པའི་ལྟ་གྲུབ་དབར་བགྲོ་གླེང་གནང་བ་བརྒྱུད་ནས་ང་ཚོ་ཕན་ཚུན་ལྟ་གྲུབ་བརྗེ་ལེན་བྱ་རྒྱུ་ཙམ་མ་ཡིན་པར། མི་གཞན་གྱི་བསམ་བློ་ཞི་བའི་ཐོག་ནས་སྤྱི་ཚོགས་འདིར་ཕན་པའི་ཞབས་འདེགས་བསྒྲུབ་དགོས། ངས་ཡི་ཤུ་སྟོན་པ་འགྲོ་བ་མི་ཞིག་ཡིན་པར་ལྟ་གི་ཡོད་པ་མ་ཟད། ཡི་ཤུ་སྟོན་པ་ནི་ངའི་དགེ་རྒན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུང་གནང་འདུག
ཐེངས་འདིའི་བགྲོ་གླེང་ཐོག་ཡི་ཤུའི་ཆོས་དཔོན་མཆོག་གིས་དབུས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ ཡི་ཤུའི་ཆོས་དད་པ་དང་། ཉམས་ལེན་པ་། ཁྱོན་མི་གྲངས་ ༡༠༠ བརྒལ་བས་མཉམ་ཞུགས་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎